[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ལྗོངས་སྒྱུ་རྩལ།
  • རིག་རྩལ་གཤམ་སྤེལ་ཐེངས་154བྱས་པར་ལྟད་མོ་ལྟ་མཁན་མི་ཐེངས་ཁྲི་11ཟིན་པ།

    ​ ལྷོ་ཁ་གྲོང་ཁྱེར་གྱིས་རིག་གནས་དམངས་ཕན་ལ་རྒྱུན་མཐུད་ཤུགས་འདོན་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-02-18

    འདི་ལོ་ཚུན་དུ་ལྷོ་ཁ་གྲོང་ཁྱེར་གྱིས་གནམ་ལོ་གསར་ཚེས་དང་། དཔྱིད་གསར་དུས་ཆེན། བོད་ཀྱི་ལོ་གསར་བཅས་ཀྱི་དུས་ཆེན་ཆེན་པོ་གསུམ་རིང་ཚན་པ་ཁག་དང་རྫོང(ཆུས)ཁག་གི་རིག་གནས་སྡེ་ཚན་སྒྲིག་འཛུགས་ཀྱིས་རིག་གནས་དམངས་ཕན་དང་གཤམ་སྤེལ་ལས་དོན་གཏིང་ཟབ་སྤེལ་ནས་ཏང་གི་ཐུགས་ཁུར་དང་རིག་གནས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་དུད་ཚང་ཁྲི་སྟོང་མང་པོར་ཕན་པ་ཐོབ་པ་བྱས་ཡོད། མིག་སྔའི་བར་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་རིག་རྩལ་ཚོགས་པས་རིག་རྩལ་གཤམ་སྤེལ་འཁྲབ་སྟོན་ཐེངས་154བྱས་པར་ལྟད་མོ་ལྟ་མཁན་མང་ཚོགས་མི་ཐེངས་ཁྲི་11ཟིན་ཡོད། འཁྲབ་སྟོན་བྱེད་སྒོ་སྔར་བཞིན་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། གཞི་རིམ་མང་ཚོགས་ཀྱི་རིག་གནས་འཚོ་བ་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་བཏང་ནས་མང་ཚོགས་ཀྱི་རིག་གནས་བྱང་ཚད་མཐོ་རུ་གཏོང་བ་དང་ཕུལ་བྱུང་གི་རིག་གནས་ལ་བརྟེན་ནས་སེམས་འགུལ་ཐེབས་པ་དང་། ཤུགས་རྐྱེན་ཐེབས་པ། གཟུགས་བརྙན་གཏོད་པ་བཅས་བྱ་ཆེད། འདི་ལོའི་ཟླ་དང་པོ་ནས་བཟུང་། ལྷོ་ཁ་གྲོང་ཁྱེར་གྱི་རིག་གནས་སྡེ་ཚན་གྱིས་གྲོང་ཁྱེར་ཡོངས་ཀྱི་རིག་རྩལ་ཚོགས་པ་ཁག་14སྐུལ་སློང་ཧུར་ཐག་བྱས་ཏེ“རིག་གནས་དམངས་ཕན”ཞེས་པའི་རིག་རྩལ་གཤམ་སྤེལ་འཁྲབ་སྟོན་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བ་དང“ང་ཚོའི་ཀྲུང་གོའི་ཕུགས་འདུན——རིག་གནས་ཁྱིམ་ཚང་ཁྲི་སྟོང་མང་པོར་སྤེལ་བ”སོགས་ཀྱི་བརྗོད་དོན་གཙོ་བོའི་གཤམ་སྤེལ་འཁྲབ་སྟོན་བྱེད་སྒོ་སྤེལ་ནས་རྣམ་པ་སྣ་ཚོགས་དང་ནང་དོན་ཕུན་སུམ་ཚོགས་པའི་འཁྲབ་སྟོན་བརྒྱུད་ཞིང་འབྲོག་མང་ཚོགས་ལ་ཏང་གི་དམངས་ཕན་དམངས་ཕྱུག་སྲིད་ཇུས་དྲིལ་བསྒྲགས་བྱས་པ་དང་། མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བ་དང་ངག་ལ་འཇགས་པའི་གླུ་གར་ཐོག་ནས་ཞིང་འབྲོག་མང་ཚོགས་ཚོ་ལྟད་མོ་ཆེན་པོ་ཡོང་བ་བྱས་ཏེ་མང་ཚོགས་ཀྱི་ཉིན་རེ་ལས་མ་འདས་པར་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་བསྐངས་བ་དང་རིག་གནས་ལ་བརྟེན་ནས་དངོས་འབྲེལ་དམངས་ཕན་དམངས་སྤྲོ་ཡོང་རྒྱུར་སྐུལ་འདེད་བཏང་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།