[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ལྗོངས་སྒྱུ་རྩལ།
  • བོད་ཀྱི་མི་རིགས་གྱོན་ཆས་ཀྱི་རིག་གནས་ཞིབ་འཇུག་ཁང་བཙུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-02-16

    བོད་ལྗོངས་འགྲེམས་ཚོགས་སྐབས་བཞི་པ་དང་ཀྲུང་གོའི་བོད་ལྗོངས་རྒྱལ་སྤྱིའི་གྱོན་ཆས་རིག་གནས་དུས་ཆེན་སྐབས་དང་པོ་གཉེར་སྐབས། བོད་ཀྱི་མི་རིགས་གྱོན་ཆས་ཀྱི་རིག་གནས་ཞིབ་འཇུག་ཁང་འཛུགས་རྒྱུའི་གཏན་འཁེལ་བྱུང་བ་རེད། “བོད་ལྗོངས་རྒྱལ་སྤྱིའི་གྱོན་ཆས་རིག་གནས་དུས་ཆེན་སྐབས་དང་པོའི”འགྲེམས་སྟོན་ཐོག“གྱོན་ཆས་ལ་བརྟེན་ནས་མཛེས་སྡུག་འཚོ་བ་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་འཁྲབ་སྟོན་བྱས་པ་རེད། བོད་ཀྱི་མི་རིགས་གྱོན་ཆས་ཀྱི་རིག་གནས་ཞིབ་འཇུག་ཁང་གི་ཡོའན་ཀྲང་ལི་མེས། འདི་ནི་ང་ཚོས་གྱོན་ཆས་ཀྱི་རིག་གནས་དུས་ཆེན་གྱི་མིང་ཐོག་ནས་བོད་ཀྱི་འགྲེམས་ཚོཌ་ལ་འཁྲབ་སྟོན་བྱེད་ཐེངས་དང་པོ་ཡིན་ལ། བོད་ལྗོངས་འགྲེམས་ཚོགས་སྐབས་བཞི་པར་ཕྱག་རྟགས་ཕུལ་བ་ཞིག་ཡིན། བོད་ལྗོངས་འགྲེམས་ཚོགས་ཐོག་དུས་རབས་གསར་པའི་བོད་ཀྱི་མི་རིགས་གྱོན་ཆས་མངོན་པར་བྱས་ཡོད་ཅེས་བཤད།

    ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱི་མི་རིགས་གྱོན་ཆས་ཀྱི་རིག་གནས་ཞིབ་འཇུག་ཁང་ནི་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་ཆོག་མཆན་སྤྲད་པ་དང་རང་སྐྱོང་ལྗོངས་དམངས་སྲིད་ཐིང་གིས་ཐོ་བཀོད་བྱས་པའི་དམངས་གཉེར་ཁེ་ལས་ཤིག་ཡིན་ཞིང་། 2017ལོའི་ཟླ་བཅུ་པར་བཙུགས་པ་དང་2018ལོའི་ཟླ་ལྔ་པར་ལྗོངས་དམངས་སྲིད་ཐིང་གིས་དངོས་སུ་ཐོ་བཀོད་ལག་ཁྱེར་སྤྲད་པ་རེད།

    ལི་མེས་རྩེར་སོན་གྱི་ཚད་གཞི་ལྟར་རྩེ་གྲའི་ཁྲོད་ནས་ཕུལ་བྱུང་བདམས་པ་དང་ཚན་པ་17གྱོན་ཆས་འགྲེམས་ཚོང་ལ་བདམས་པ་དང་ཚན་པ་9གྱོན་ཆས་འགྲེམས་སྟོན་ལ་ཞུགས་ཡོད། དེའི་ནང་བོད་ལྗོངས་སློབ་ཆེན་སློབ་མའི་བརྩམས་ཆོས་དང་ལྗོངས་ཕྱི་ནང་ཁེ་ལས་ཀྱིས་ཇུས་འགོད་བྱས་པའི་བརྩམས་ཆོས་ཡོད་ཅེས་ངོ་སྤྲོད་བྱས་བྱུང་།

    སྐལ་བཟང་མེ་ཏོག་ནི་བོད་ལྗོངས་སློབ་ཆེན་གྱི་སློབ་ཆེན་ལོ་རིམ་གཉིས་པའི་སློབ་མ་ཡིན་ཞིང་། ཁོང་གིས་གསར་འགོད་པར་ང་གྱོན་ཆས་འགྲེམས་སྟོན་ལ་ལྟ་བར་ཡོང་བ་ཡིན། ང་གྱོན་ཆས་ཇུས་འགོད་ལ་དགའ་པོ་ཡོད། འོན་ཀྱང་རྒྱུ་རྐྱེན་མང་པོའི་རྐྱེན་གྱིས་ཆེད་ལས་འདེམས་ཐུབ་མ་སོང་། རྒྱུན་དུ་གང་དུ་གྱོན་ཆས་འགྲེམས་སྟོན་ཡོད་ན་དེར་ལྟ་བར་ཕྱིན་ནས་སློབ་སྦྱོང་གི་གོ་སྐབས་འཐོབ་ཐབས་བྱེད་ཀྱི་ཡོད། ཕྱིས་སུ་རང་ཉིད་ཀྱིས་གྱོན་ཆས་ཇུས་འགོད་བྱེད་པའི་རེ་བ་ཡོད་ཅེས་བཤད།

    ལི་མེས“འབྱུང་འགྱུར་ང་ཚོས་གསར་གཏོད་ལ་དེ་བས་ཤུགས་སྣོན་རྒྱག་པ་དང་རིག་གནས་ཀྱི་ཁྲོད་ནས་ཉིང་བཅུད་བསྡུ་ལེན་བྱ་རྒྱུ་མ་ཟད། རྒྱལ་ཁབ་ཕྱི་ནང་གི་སྒྲིག་གཞི་དང་མཉམ་ལས་བྱས་ཏེ་བོད་ཀྱི་གྱོན་ཆས་ཐོན་ལས་དར་བ་བྱེད་ཀྱི་ཡིན་ལ། རྒྱལ་སྤྱི་དང་འབྲེལ་མཐུད་བྱེད་པའི་བོད་ཀྱི་གྱོན་ཆས་ཀྱི་སྤུས་རྟགས་བཏོད་དེ་བོད་ཀྱི་གྱོན་ཆས་རིག་གནས་དར་སྤེལ་གཏོང་རྩིས་ཡོད”ཅེས་བརྗོད་བྱུང་།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།