[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ལྗོངས་སྒྱུ་རྩལ།
  • ལག་ཤེས་མཁས་ཅན་གྱི་སོར་རྩེ་ལས་འཁྲུངས་པའི་རྩེ་སྒྲོ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-01-27

    བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་ཕུ་གསུམ་ཤང་གི་རྩེ་སྒྲོར་ལོ་རྒྱུས་ཡུན་རིང་ལྡན་ལ་ལག་རྩལ་བྱང་ཆུབ་པས་བོད་ཀྱི་ཉེ་རིང་གང་སར་སྐད་གྲགས་ཆེན་པོ་ཡོད། ཤང་དེའི་ལོ་55ལ་སླེབས་པའི་ནོར་བུའི་ཁྱིམ་གྱི་མི་རབས་བཞིས་རྩེ་སྒྲོའི་བཟོ་རྩལ་རྒྱུན་འཛིན་བྱས་ཡོད།

    མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དར་སྤེལ་དང་རྒྱུན་འཛིན་བྱ་ཆེད་ནོར་བུས་མ་སྐུལ་དང་བླངས་ཀྱིས་འགན་འཁྲི་ལྕི་མོ་ཕྲག་ཏུ་ཁུར། སྒྱུར་བཅོས་སྒོ་དབྱེའི་སྲིད་ཇུས་ཀྱི་སྣེ་ཁྲིད་འོག་1985ལོ་ནས་1998ལོ་བར་ནོར་བུས་བོད་ཀྱི་ལོ་གསར་མ་སླེབས་གོང་གི་ཟླ་གཅིག་གི་གོང་དུ་བཟའ་མི་བུ་ཕྲུག་ཁྲིད་དེ་ལྷ་སར་རྩེ་སྒྲོ་བཟོ་འཚོང་བྱེད་པར་འོང་གི་ཡོད། དེས་མ་ཟད་1999ལོ་ནས་2011ལོ་བར་ནོར་བུས་ཤང་དེའི་རྩེ་སྒྲོ་བཟོ་རྩལ་གྱི་མཛུབ་སྟོན་དགེ་རྒན་བྱས་ནས་ལོ་ལྟར་ཕུ་གསུམ་ཤང་གི་མང་ཚོགས་དབུལ་པོ་300ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་ཁོང་ཚོར་རྩེ་སྒྲོ་བཟོ་རྩལ་གསོ་སྦྱོང་བྱས་པས། གསོ་སྦྱོང་ལ་ཞུགས་མཁན་ཚོས་རྩེ་སྒྲོ་བཟོ་རྩལ་བྱང་ཆུབ་པོ་ཁོང་དུ་ཆུད་ཡོད།

    2012ལོར་ཤང་ཏང་ཨུད་དང་སྲིད་གཞུང་གི་རྒྱབ་སྐྱོར་འོག་ནོར་བུ་ཚུད་པའི་ལག་རྩལ་པ་བཞིས་མ་དངུལ་སྒོར་ཁྲི་30བཏང་ནས་ཕུ་གསུམ་ཤང་གཞལ་སྔ་གླེང་རྒན་རྩེ་སྒྲོ་བཟོ་རྩལ་ཞིང་པའི་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་། ལོ་ལྟར་ཕུ་གསུམ་ཤང་གི་མང་ཚོགས་དབུལ་པོ་70ཙམ་གྱིས་ལྷ་སར་རྩེ་སྒྲོ་བཟོ་འཚོང་བྱེད་པར་འོང་གི་ཡོད། རང་གི་ལག་རྩལ་དང་མ་རྐང་ལ་ཞུགས་པའི་ཐོབ་སྐལ་གཞིར་བཟུང་དུས་ཐུང་ཟླ་གཅིག་རིང་མི་རེར་ཆ་སྙོམས་ཡོང་འབབ་སྒོར་8000ནས་10000བར་རག་གི་ཡོད་པས། མང་ཚོགས་དབུལ་པོའི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཏེ་རྩེ་སྒྲོ་བཟོ་རྩལ་ཡང་ཡུལ་དེ་གའི་ཞིང་འབྲོག་པ་དབུལ་སྒྲོལ་ཕྱུག་འགྱུར་གྱི་ཐབས་ལམ་གསར་པར་གྱུར་ཡོད།

    གསར་འགོད་པས་ལྷ་ས་ར་མོ་ཆེ་སྡེ་ཁུལ་དགའ་ལྡན་ཁང་བཟང་ནས་ནོར་བུ་དང་དགེ་ཕྲུག་བཅུ་ལྷག་ཙམ་གྱིས་བློ་རྩེ་གཅིག་ཏུ་བསྒྲིམས་ནས་རྩེ་སྒྲོ་བཟོ་བཞིན་པ་མཐོང་བྱུང་།


    589667_yis_1548393566596.jpg

    འདི་ནི་གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་ཕུ་གསུམ་ཤང་གཞལ་སྔ་གླེང་རྒན་རྩེ་སྒྲོ་བཟོ་རྩལ་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་འགན་འཁུར་བ་ནོར་བུས(གཡོན)དགེ་ཕྲུག་ཚོར་རྩེ་སྒྲོ་བཟོ་རྩལ་སློབ་བཞིན་པ།

    589665_yis_1548393563289.jpg

    འདི་ནི་དུད་ཚང་དབུལ་པོའི་དགེ་ཕྲུག་བདེ་ཆེན་སྒྲོལ་དཀར(གཡོན)དང་ཉི་སྒྲོན་གྱིས་རང་རྐྱ་འཕེར་བཞིན་དུ་རྩེ་སྒྲོ་བཟོ་བཞིན་པ།

    589666_yis_1548393565707.jpg

    འདི་ནི་དུད་ཚང་དབུལ་པོའི་དགེ་ཕྲུག་བསྟན་འཛིན(གཡོན)དང་འཇམ་དཔལ་གྱིས་སང་ཉིན་འཚོང་རྒྱུའི་རྩེ་སྒྲོ་བཟོ་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།