[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ལྗོངས་སྒྱུ་རྩལ།
  • རིག་རྩལ་ལྡུམ་རར་དཔྱིད་དཔལ་རྣམ་པར་བཀྲ

    ​གཞིས་རྩེ་གྲོང་ཁྱེར་གྱིས་རིག་རྩལ་དར་རྒྱས་ཕུན་སུམ་ཚོགས་སུ་བཏང་བའི་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-07

    554174_yis_1537938351590.jpg

    གཞིས་རྩེ་གྲོང་ཁྱེར་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་16པའི་མཇུག་འགྲིལ་མཛད་སྒོའི་རིག་རྩལ་འཁྲབ་སྟོན་ལ་གཉའ་ནང་རྫོང་དམངས་ཁྲོད་སྒྱུ་རྩལ་ཚོགས་པས་ཞབས་བྲོ《ཞི་མཐུན་ལ་བསྟོད་པ》འཁྲབ་སྟོན་བྱེད་བཞིན་པ།

    554175_yis_1537938352573.jpg

     འདི་ལོའི་ས་སྐྱ་རྫོང་གི་འགྲོ་མགོན་ཆོས་རྒྱལ་འཕགས་པའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཞི་པའི་འགོ་འཛུགས་མཛད་སྒོར་ས་སྐྱ་རྫོང་དམངས་ཁྲོད་སྒྱུ་རྩལ་ཚོགས་པས་ཞབས་བྲོ《ལོ་ལེགས》འཁྲབ་བཞིན་པ།

    554176_yis_1537938353525.jpg

    ཁང་ནང་འཁྲབ་གཞུང་ཆེ་གྲས《རྒྱལ་རྩེའི་བག་ཆགས》2018ལོར་ཧྲང་ཧའེ་ཡི་ཕུའུ་ཏུང་དུ་སྐོར་སྐྱོད་འཁྲབ་སྟོན་བྱེད་བཞིན་པ།

    གདེང་ཚོད་ཡོད་པའི་མི་རིགས་ཤིག་ཡིན་ཕྱིན་རིག་གནས་ཀྱི་སྐྱེ་སྟོབས་ནི་ནམ་ཡང་ཉམས་པ་མེད་པར་དར་བཞིན་མཆིས། ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་གྱི་རིག་རྩལ་འཐབ་ཕྱོགས་ནས་བཀྲ་ཤིས་ཀྱི་གཏམ་བཟང་རྒྱུན་ཆད་མེད་པར་གྲགས་འོང་།

    ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཁྲིད་སྟོན་འོག་གཞིས་རྩེ་གྲོང་ཁྱེར་གྱི་རིག་རྩལ་ལས་དོན་པས་མི་དམངས་ལྟེ་བར་འཛིན་པའི་གསར་རྩོམ་སྟོན་ཕྱོགས་སུ་མཐའ་འཁྱོངས་བྱས་ཏེ། ཧ་ཅང་ལེགས་ཤིང་དུས་རབས་ལ་ངོ་གནོང་མི་དགོས་པའི་བརྩམས་ཆོས་ཕུལ་བྱུང་གསར་རྩོམ་བྱས་ནས་གཞིས་རྩེའི་མི་རིགས་ཁག་གི་མི་དམངས་ལ་བསམ་པའི་རྒྱགས་ཕྱེ་ཆེས་བཟང་ཤོས་གང་མང་ཕུལ་ཞིང་། གྲོང་ཁྱེར་ཡོངས་ཀྱི་རིག་རྩལ་སྐྱེད་ཚལ་དུ་མེ་ཏོག་སྣ་མང་ཕན་ཚུན་འགྲན་པ་བཞིན་བཞད་པ་དང་། གཡུར་ཟའི་གྲུབ་འབྲས་དགུང་དུ་བཏེགས་ཏེ་དར་རྒྱས་ཕུན་སུམ་ཚོགས་པའི་རྣམ་པ་ལེགས་པོ་མངོན་ཡོད།

    སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཁྲིད་སྟོན་དུ་བྱས་ནས་གཞིས་རྩེའི་ཁྱད་ལྡན་གྱི་ཕུལ་བྱུང་བརྩམས་ཆོས་བརྩམས་པ།

    ཀྲུང་གོའི་ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་དང་བོད་ཀྱི་རིག་གནས་ཀྱི་འབྱུང་ཁུངས་གལ་ཆེན་གཞིས་རྩེ་གྲོང་ཁྱེར་ནི་རིག་གནས་ཀྱི་ལོ་རྒྱུས་རིང་ལ་རིག་གནས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་མ་ཟད། རིག་གནས་ཀྱི་གཞི་རྟེན་སྣ་མང་ཕུན་སུམ་ཚོགས་པ་དང་རིག་གནས་ཀྱི་རྣམ་པ་ཆ་ཚང་པོ་ཡོད།

    ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་གྱིས《རྒྱང་རིང་དུ་བཞུད་པའི་ཆུ་ཕྲན》དང་། 《བུ་མོ་དང་རྩྭ་ཐང་གི་གཏམ་རྒྱུད》《དགོན་སྡེའི་འགྲམ་གྱི་དྲི་བཟང་》《སེམས་ཀྱི་འབོད་སྒྲ》ལ་སོགས་ཚུད་པའི་བརྩམས་སྒྲུང་དང་། ལྷུག་རྩོམ། སྙན་ཚིག ཟློས་གར་བཅས་ཕྱོགས་བསྒྲིགས་བྱས་ནས་བོད་རྒྱ་སྐད་ཡིག་གཉིས་ཀྱི་རྩོམ་རིག་བརྩམས་ཆོས་ཕྱོགས་སྒྲིག་180ལྷག་དཔེ་སྐྲུན་བྱས་པ་དང་། དངོས་ལྗོངས་ཟློས་གར་གྱི་འཁྲབ་གཞུང་ཆེན་པོ《རྒྱལ་རྩེའི་བག་ཆགས》དང་《བཀྲ་ཤིས་པའི་གཞིས་རྩེ》 གཞས་མ་གཏམ《གསར་རྙིང་བསྡུར་བ》 དགོད་བྲོའི་གཏམ་གླེང《ཀྲུང་གོའི་ཕུགས་འདུན། ངའི་འདུན་པ》 གླུ་གཞས《ལྷ་གཞིས་ལྕགས་ལམ》སོཌ་འཁྲབ་གཞུང་དང་ལེ་ཚན་1000ལྷག་རྩོམ་སྒྲིག་བྱས་པ། དཔེ་དེབ་དང་དུས་དེབ《མཛེས་སྡུག་ལྡན་པའི་གཞིས་རྩེ》དང་། པར་ལེན་བརྩམས་ཆོས་ཕྱོགས་བསྒྲིགས《ཇོ་མོ་གླང་མའི་ཕ་ཡུལ། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས》 བརྙན་པར《ཐུན་མོང་མ་ཡིན་པའི་ལོ་ཟླ་སྟེ། གཞིས་རྩེ་གྲོང་ཁྱེར་གྱི་འོད་སྟོང་ལྡན་པའི་ལོ་ངོ་50》སོགས་ཀྱི་བརྩམས་ཆོས་རབ་དང་རིམ་པ་དཔེ་སྐྲུན་བྱས་པ་རེད།

    དེ་དང་ཆབས་ཅིག་གཞིས་རྩེ་གྲོང་ཁྱེར་གྱིས་སྲུང་སྐྱོང་བྱེད་རིང་འཕེལ་རྒྱས་གཏོང་བ་དང་རྒྱུན་འཛིན་གསར་རྩོམ་མཐའ་འཁྱོངས་བྱས་ཤིང་། གྲོང་ཁྱེར་ཡོངས་ཀྱིས《ཇོ་མོ་གླང་མའི་འཇའ་ཚོན》དང་། 《རྒྱལ་རྩེའི་བག་ཆགས》 《རི་བོ་ཧི་མ་ལ་ཡའི་ཉམས་བཟང》《བཀྲ་ཤིས་པའི་བསྟོད་གླུ》བཅས་ཀྱིས་གཙོས་པའི་དུས་རབས་ཀྱི་སྙིང་སྟོབས་མཚོན་པ་དང་། བརྗོད་དོན་ཁ་གསལ་བ། སྒྱུ་རྩལ་གྱི་མཚོན་ཐབས་རྩེར་སོན་པ། མི་རིགས་ས་ཁོངས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་འཁྲབ་གཞུང་ཁག་གཅིག་གསར་རྩོམ་བྱས་པ་རེད།

    མི་དམངས་ཀྱི་ཁྲོད་དུ་གཞིས་ཚུགས་ཤིང་མི་དམངས་ལ་བརྩེ་བ་ཟབ་མོ་བཅངས་ཏེ་རྒྱ་ཆེའི་རིག་རྩལ་ལས་དོན་པར་འཚོ་བ་དངོས་ལ་ཟབ་ཞུགས་ཀྱི་དར་སྲོལ་བཟང་པོ་ཆགས་པ།

    ཉེ་ཆར། ཁང་ནང་འཁྲབ་གཞུངཆེ་གྲས《རྒྱལ་རྩེའི་བག་ཆགས》ཀྱི་2018ལོའི་སྐོར་སྐྱོད་འཁྲབ་སྟོན་ཐོག་མ་དེ་ཧྲང་ཧའེ་ཕུའུ་ཏུང་གི་ཀྲུའུ་ཆའོ་གྲོང་རྡལ་རིག་གནས་ཞབས་ཞུའི་ལྟེ་གནས་སུ་གཉེར་བར་ཧྲང་ཧའེ་ཡི་གྲོང་མིའི་བསྔགས་བརྗོད་ཆེན་པོ་ཐོབ་ཡོད།

    《རྒྱལ་རྩེའི་བག་ཆགས》 ནི་ད་ཆའི་བོད་ཀྱི་རྫོང་74ལས་རྫོང་རིམ་པའི་དངོས་ལྗོངས་འཁྲབ་གཞུང་གཅིག་པུ་དེ་ཡིན་ཞིང་། འཁྲབ་གཞུང་དེར་རྒྱལ་རྩེའི་མདའ་མང་ཐང་འཁྲབ་ཡུལ་དུ་བྱས་པ་དང་། རྫོང་རི་དང་། དཔལ་འཁོར་ཆོས་སྡེ། ནོར་བུ་རི་བཅས་རྒྱབ་ལྗོངས་སུ་བྱས་ནས་རྒྱལ་རྩེའི་སྲོལ་རྒྱུན་གྱི་ཡུལ་སྲོལ་གོམས་གཤིས་དང་། མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས། བོད་ཀྱི་གླུ་གར། ལྷ་མོ། རྫོང་རིའི་བཙན་འཛུལ་འགོག་རྒོལ་གྱི་དོན་རྐྱེན་བཅས་མཚོན་པར་བྱས་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱི་འབོད་སྐུལ་འོག གཞིས་རྩེ་གྲོང་ཁྱེར་གྱི་ཆེད་ལས་རིག་རྩལ་ལས་དོན་པ་300དང་ལས་ཞོར་རིག་རྩལ་གསར་རྩོམ་པ་དང་། འཁྲབ་སྟོན་ཧུར་བརྩོན་ཅན། རིག་གནས་ཞབས་ཞུའི་དང་བླངས་པ་བཅས་3000ལྷག་ཐོན་སྐྱེད་ལག་ལེན་ལ་དངོས་སུ་ཞུགས་ཤིང་། སྤྱི་ཚོགས་འཚོ་བར་ཟབ་ཞུགས་ཀྱིས་གཞི་རིམ་ལ་ཉེ་བཅར་དང་མང་ཚོགས་ལ་ཉེ་བཅར་བྱས་ཏེ་སྒྱུ་རྩལ་གྱི་གསོན་ཉམས་ཆེས་ཆེར་འཕེལ་བར་བྱས་པ་རེད།

    མི་དམངས་ལ་གསར་རྩོམ་དང་། མི་དམངས་ལ་བཅངས་པའི་བརྩེ་བ་གླེང་བ། མི་དམངས་ལ་སེམས་ཁུར་བྱེད་པ་བཅས་ནི། སྒྱུ་རྩལ་མཁས་ཅན་གྱི་ཉམས་པ་མེད་པའི་ལང་ཚོའི་གསེར་བྱང་ཞིག་ཡིན་ལ། སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་དར་རྒྱས་ཕུན་སུམ་ཚོགས་པོ་ཡོང་བའི་འབྱུང་ཁུངས་ཀྱང་རེད།

    རིག་གནས་ཀྱི་དམངས་ཕན་ནུས་པ་དང་མང་ཚོགས་ཀྱི་ཐོབ་སེམས་རྒྱུན་ཆད་མེད་པར་སྔར་བས་ཆེ་རུ་བཏང་བ།

    འཚོ་བར་ཟབ་ཞུགས་ཀྱིས་རིག་རྩལ་གསར་རྩོམ་བྱེད་པ་དང་གཞི་རིམ་ལ་གཞིས་ཚུགས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བ་ཟུང་འབྲེལ་བྱས་ཏེ་གཞི་རིམ་དུ་རིག་གནས་དར་སྤེལ་དང་ཁྱབ་གདལ་བཏང་ཞིང་། ཉེ་བའི་ལོ་ཤས་རིང་གཞིས་རྩེ་གྲོང་ཁྱེར་གྱིས་སྒྱུ་རྩལ་མཁས་ཅན་དང་། རིག་རྩལ་ཞབས་ཞུའི་དང་བླངས་པ། གཞི་རིམ་གྱི་རིག་རྩལ་རྐང་འཛིན་པ་མང་པོ་གཞི་རིམ་དུ་བསྐྱོད་པ་དང་། གྲོང་ཁྱེར་གྱི་སྡེ་ཁུལ་དང་ཞིང་འབྲོག་ཁུལ་ལ་བསྐྱོད་དེ་འཁྲབ་སྟོན་བྱས་པས་གཞི་རིམ་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་བ་དང་འཁྲུག་ཏུ་ཕྱིན་པ་རེད།

    ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་དང་རྒྱལ་རྩེའི་མདའ་མང་དུས་ཆེན། ལྷ་རྩེའི་སྟོད་གཞས་དུས་ཆེན་སོགས་མང་ཚོགས་ཀྱི་རང་བཞིན་ལྡན་པའི་སྲོལ་རྒྱུན་གྱི་དུས་ཆེན་ཁག་གཅིག་ས་གནས་རིག་གནས་ཀྱི་སྤུས་རྟགས་སུ་གྱུར་ཡོད། གཞིས་རྩེའི་བོད་ཀྱི་ལོ་གསར་གྱི་བརྙན་འཕྲིན་མཉམ་སྤྲོའི་མཚན་ཚོགས་དང་། སྤྲོ་སེམས་འཁོལ་བའི་ངང་ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུ་བའི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བྱེད་སྒོའི་རྫོང་དང་ཆུས་18ཀྱི་རིག་རྩལ་སྐོར་འཁྲབ། “མི་རིགས་མཐུན་སྒྲིལ་ཡར་ཐོན་ཉིན་མོའི་རིག་རྩལ་འཁྲབ་སྟོན” “3·28ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོའི་མང་ཚོགས་ཀྱི་རིག་རྩལ་འཁྲབ་སྟོན” དམངས་ཁྲོད་ཀྱི་སྒྱུ་རྩལ་ཚོགས་པའི་སྐོང་འཁྲབ་སོགས། གཞིས་རྩེ་གྲོང་ཁྱེར་གྱིས་དམངས་ཁྲོད་ཀྱི་སྒྱུ་རྩལ་ཚོགས་པ་དང་ལས་ཞོར་རིག་རྩལ་རུ་ཁག་སྒྲིག་འཛུགས་བྱས་ནས་རིག་གནས་དམངས་ཕན་གྱི་བྱེད་སྒོ་སྣ་ཚོགས་གཉེར་ཏེ་ཉེ་བའི་ལོ་ཤས་རིང་རིག་རྩལ་གཤམ་སྐྱོད་ཐེངས་6000ལྷག་བྱས་ཡོད།

    མིག་སྔའི་བར། གྲོང་ཁྱེར་ཡོངས་སུ་གྲོང་ཁྱེར་རིམ་པའི་ཆེད་ལས་སྒྱུ་རྩལ་ཚོགས་པ་1དང་། རྫོང་རིམ་པའི་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་18 ལས་ཞོར་རིག་རྩལ་འཁྲབ་སྟོན་རུ་ཁག་225 དམངས་ཁྲོད་ལྷ་མོ་ཚོགས་པ་81 ཤང་དང་གྲོང་རྡལ་གྱི་ཕྱོགས་བསྡུས་རིག་གནས་ས་ཚིགས་204 རྫོང་རིམ་པའི་ཕྱོགས་བསྡུས་རིག་གནས་བྱེད་སྒོའི་ལྟེ་གནས་18སོགས་ཡོད་པས། གཞིས་རྩེ་གྲོང་ཁྱེར་གྱི་རིག་རྩལ་འཐབ་ཕྱོགས་ཀྱི་རྟ་མཆོག་སྤོབས་པ་གཟེངས་སུ་ཐོན་པའི་ངང་རིག་རྩལ་གྱི་ཐང་ཡངས་མོར་རྒྱུག་བཞིན་མཆིས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།