[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ལྗོངས་སྒྱུ་རྩལ།
  • ཡིད་དབང་འཕྲོག་པའི་སྟོན་ཚོགས། གསོན་ཤུགས་རྒྱས་པའི་རྩལ་སྟོན།

    —— རང་སྐྱོང་ལྗོངས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པ་དང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཞི་པའི་གསར་འགྱུར་རཌ་བསྡུས།

  • ཡོང་ཁུངས།      |    རྩོམ་པ་པོ།      |    སྤེལ་དུས།   2018-08-03

    ཉིན་ཤས་བསྟུད་མར། རང་སྐྱོང་ལྗོངས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པ་དང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཞི་པ་ལྷ་སར་འཚོགས་ཤིང་། རང་ལྗོངས་ཀྱི་ལུས་རྩལ་པ་1274ཡིས་མཆོང་རྒྱུག་འཕེན་གསུམ་དང་། སྦེ་ག ཆུ་རྐྱལ། རྟ་རྩལ། བེ་ཤུ། མི་རིགས་ཀྱི་ལུས་སྦྱོང་ལུས་རྩལ་སོགས་ཀྱི་འགྲན་བསྡུར་རྣམ་གྲངས་22ལ་ཞུགས་པ་དང་། དུས་ཡུན་ཉིན་16རིང་ལྟད་མོ་ཆེ་བའི་འགྲན་བསྡུར་བྱས་པ་བརྒྱུད། གསེར་གྱི་རྟགས་མ་92(རྒྱལ་ཡོངས་ཀྱི་ལུས་རྩལ་འགྲན་ཚོགས་ནས་ཐོབ་པ་དང་། ཟིན་ཐོ་བཏོད་པ། སྐར་མ་ཉིས་བརྩེགས་སོགས་ཚུད་མེད)ཐོབ་ཡོད་པ་རེད།

    536959_yis_1532925288147_s.jpg

    འདི་ནི་རང་སྐྱོང་ལྗོངས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པ་དང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཞི་པའི་འགོ་ཚུགས་མཛད་སྒོ་འཚོགས་ཡུལ་ཡིན་པ།

    སྐབས་འདིའི་ལུས་རྩལ་འགྲན་ཚོགས་ནི་བདེ་འཇགས་དང་། ཞི་མཐུན། གྲོན་ཆུང་། ལྟད་མོ་ཆེ་བ། ཐུགས་གྲ་ལེགས་འགྲིག་བཅས་ཀྱི་ཆུ་ཚད་མཐོ་བའི་ལུས་རྩལ་སྟོན་ཚོགས་ཤིག་ཡིན་ཞིང་། ལུས་རྩལ་པས་འགྲན་བསྡུར་ཁྲོད་ཉམས་འགྱུར་བཟང་པོ་མངོན་པ་དང་ཆུ་ཚད་མཐོ་པོ་གང་ལེགས་མངོན་པར་བྱས་ཡོད། ཤན་འབྱེད་པས་འདྲ་མཉམ་གཞུང་དྲང་དང་རྒྱབ་ཕྱོགས་མཁོ་སྒྲུབ་ལས་དོན་གྱི་འགན་ལེན་ནུས་ལྡན་བྱས་ནས་རང་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་དཔའ་ངར་ཆེར་སྐྱེད་ཀྱིས་མདུན་ཕྱོགས་སུ་སྐྱོད་པ་དང་། སྙིང་རུས་ཆེན་པོས་འབད་བརྩོན་བྱེད་པ། མཐུན་སྒྲིལ་ཡར་བརྩོན་བཅས་ཀྱི་བསམ་པའི་ཉམས་འགྱུར་བཟང་པོའི་ཐོག་ནས་རང་ལྗོངས་ཀྱི་རྩལ་འགྲན་ལུས་རྩལ་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་བཏང་བ་དང་། དམངས་ཡོངས་ཀྱི་ལུས་སྦྱོང་གི་ཚ་རླབས་ཤིག་འཕྱུར་རྒྱུར་ཁྲིད་སྟོན་བྱས་པ། བདེ་ཐང་གི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་བཅས་ལ་ནུས་པ་གལ་ཆེན་ཐོན་ཡོད། མ་འོངས་པར་ཕྱོགས་སྐབས་བོད་ཀྱི་ལུས་རྩལ་པ་ཚོས་ཡང་འབད་བསྐྱར་འབད་ཀྱིས་ས་མཐོའི་ཁྱད་ལྡན་ལུས་རྩལ་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཟམ་མི་ཆད་པར་བཏོད་དེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་མྱུར་པོ་གཏོང་རྒྱུར་ལེགས་སྐྱེས་དེ་བས་ཆེ་བ་ཕུལ་ཏེ་བོད་ཀྱི་ལུས་རྩལ་པའི་ལུས་རྩལ་འགྲན་ཚོགས་ཀྱི་སྙིང་སྟོབས་སྐལ་བཟང་མེ་ཏོག་བཞིན་གངས་ལྗོངས་ས་མཐོར་རྩ་བ་ཚུགས་ཐུབ་པར་བྱས་ཡོད།

    536954_yis_1532925284044_s.jpg

     འདི་ནི་སྐྱེས་པའི་རྒྱང་མཆོངས་འགྲན་བསྡུར་བྱ་ཡུལ་ཡིན་པ།

    536951_yis_1532925280035_s.jpg

     འདི་ནི་ལུས་རྩལ་པས་རྟ་ཐོག་ནས་མདའ་འཕེན་བཞིན་པ།

    536953_yis_1532925283249_s.jpg

     འདི་ནི་བུད་མེད་ཀྱི་སྨི་4×400ཡི་འགྲན་བསྡུར་བྱ་ཡུལ་ཡིན་པ།

    536955_yis_1532925284840_s.jpg

     འདི་ནི་ལུས་རྩལ་པས་ལྕགས་སྒོར་འགྲན་བསྡུར་བྱ་ཡུལ་ཡིན་པ།

    536958_yis_1532925287352_s.jpg

     འདི་ནི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་བྱ་ཡུལ་ཡིན་པ།

    536956_yis_1532925285651_s.jpg

     འདི་ནི་མི་རིགས་ལུས་སྦྱོང་ལུས་རྩལ་འགྲན་བསྡུར་བྱ་ཡུལ་ཡིན་པ།

    536957_yis_1532925286540_s.jpg

     འདི་ནི་ལུས་རྩལ་པས་རྡོ་འགྱོགས་འགྲན་བསྡུར་བྱེད་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།