[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ལྗོངས་སྒྱུ་རྩལ།
  • སྙན་པའི་གླུ་དབྱངས་ལེན། སྐྱིད་པའི་བྲོ་གར་འཁྲབ།

    ——2017ལོའི་ཀྲུང་གོའི་བོད་ལྗོངས་ཡར་ཀླུང་རིག་གནས་དུས་ཆེན་གྱི་ཟུར་བྲིས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-08-18

    ནས་ལ་ལོ་ལེགས་བྱུང་ཞིང་། གང་སར་དར་རྒྱས་ཀྱི་རྣམ་པས་ཁེངས་པའི་མཛེས་སྡུག་གི་དུས་ཚིགས་འདིར། ལྷོ་ཁའི་མི་དམངས་ཀྱིས་གླུ་ལེན་གར་འཁྲབ་བྱས་ནས་2017ལོའི་ཀྲུང་གོའི་བོད་ལྗོངས་ཡར་ཀླུང་རིག་གནས་དུས་ཆེན་ལ་བསུ་བ་ཞུས་པ་རེད།

    ཡར་ཀླུང་རིག་གནས་དུས་ཆེན་ལོ་ལྟར་ཡོད་ཀྱང་། འདི་ལོ་སྔོན་ཆད་དང་ཅུང་འདྲ་ཡི་མེད། ཕྱོགས་བཞིའི་སྐུ་མགྲོན་བོད་མིའི་འབྱུང་ཁུངས་ཏེ་ལྷོ་ཁར་ཕེབས་པར་ལྷག་བསམ་ཟོལ་མེད་ཀྱིས་དགའ་བསུ་ཞུ་བ་དང་ཆབས་ཅིག ལས་ལ་བརྩོན་ཞིང་སེམས་པ་བཟང་བ་དང་རྟུལ་ཕོད་ཅན་གྱི་ལྷོ་ཁའི་མི་དམངས་ཀྱིས་དུས་ཡུན་རིང་པོར་ལྷོ་ཁའི་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་མཁན་གྱི་ཧུའུ་ནན་ཞིང་ཆེན་དུ་ཐེངས་དང་པོར་བྱེད་སྒོའི་ཚོགས་ར་གཙོ་བོ་བཙུགས་ནས། ཡར་ཀླུང་རིག་གནས་དང་ཧུའུ་ནན་རིག་གནས་ཕན་ཚུན་མཉམ་འདྲེས་དར་རྒྱས་གོང་འཕེལ་བྱུང་བ་རེད།

    ཧུའུ་ནན་གྱི་ཚོགས་ར་གཙོ་བོར། སྒོར་གཞས་དང་། བོད་གཞས། ལྷ་མོ་སོགས་ལྷོ་ཁའི་ཉམས་འགྱུར་ལྡན་པའི་གླུ་གར་ལས་ལྟད་མོ་བས་བསྔགས་བརྗོད་ཚད་མེད་ཐོབ་པ་དང་། མངར་བསིལ་ལྡན་པའི་ནས་ཆང་དང་། རི་ཀླུང་དང་རྩྭ་ཐང་གི་རང་བྱུང་མཛེས་ལྗོངས། ལྷོ་ཁའི་དེང་རབས་ཅན་འཛུགས་སྐྲུན་གྱི་ཚ་རླབས་སོགས་ལྟད་མོ་བའི་མིག་གི་ལོངས་སྤྱོད་དུ་གྱུར་པ་དང་ཆབས་ཅིག བོད་རྒྱ་མང་ཚོགས་དབར་གྱི་སྤེལ་རེས་དང་མཉམ་འདྲེས་ཀྱང་སྔར་བས་ཟབ་ཏུ་ཕྱིན་ཡོད།

    ལྷོ་ཁའི་ཡན་ལག་ཚོགས་རར་ཡར་ཀླུང་གི་བུ་ཕྲུག་ཚོས་དུས་ཆེན་གྱི་གཟབ་མཆོར་ལེགས་པར་སྤྲས་ཏེ། གླུ་ལེན་གར་འཁྲབ་བྱས་ནས་ལོ་ལེགས་བྱུང་བར་རྟེན་འབྲེལ་ཞུ་བ་དང་། བདེ་སྐྱིད་ལྡན་པའི་འཚོ་བར་བསྟོད་གླུ་ཕུལ་ནས་ལྷོ་ཁའི་རི་ཀླུང་ཀུན་ཏུ་དགའ་སྤྲོའི་གླུ་སྐད་དང་འཆམ་མཐུན་ལྡན་པའི་དུས་ཆེན་གྱི་རྣམ་པས་ཁེངས།

    ལོ་གཅིག་དུས་གཅིག་གི་ཡར་ཀླུང་རིག་གནས་དུས་ཆེན་ནི་བོད་རིགས་ཀྱི་སྲོལ་རྒྱུན་རིག་གནས་བསྐྱར་གསོ་ཞིག་དང་ལོ་རྒྱུས་ལ་ཕྱིར་མིག་ལྟ་བ་ཞིག་རེད་ལ། འབྱུང་འགྱུར་ལ་ཕྱོགས་པའི་རེ་ལྟོས་དང་རྒྱང་ལྟ་ཞིག་ཀྱང་རེད། དེའང་ལྷོ་ཁའི་གྲོང་མི་བཀྲ་ཤིས་ཚེ་རིང་གིས་བཤད་པ་ལྟར“ཡར་ཀླུང་རིག་གནས་དུས་ཆེན་ཇི་ཙམ་སྤེལ་བ་དེ་ཙམ་གྱིས་ངོ་མཚར་ཆེ་རུ་འགྲོ་བཞིན་ཡོད་པ་དང་། ལྷོ་ཁ་དེ་བས་མཛེས་སྡུག་ལྡན་པར་འགྱུར་ལ་ལྷོ་ཁའི་མི་དམངས་ཀྱི་འཚོ་བ་ཡང་དེ་བས་བདེ་སྐྱིད་ལྡན་པར་འགྱུར་བཞིན་ཡོད”

    426721_yis_1502943419469_s.jpg

    འདི་ནི་འཁྲབ་སྟོན་པས་ཞབས་བྲོ《གསེར་མདོག་གི་ཡར་ཀླུང》འཁྲབ་བཞིན་པ།

    426723_yis_1502943423713_s.jpg

    འདི་ནི་ཐག་རིང་ནས་སླེབས་པའི་སྐུ་མགྲོན་ལ་བསུ་བ་ཞུ་བཞིན་པ།

    426724_yis_1502943426458_s.jpg

    འདི་ནི་འགོ་ཚུགས་མཛད་སྒོའི་ལྟད་མོ་བ་ཆུང་ཆུང་ཡིན་པ།

    426728_yis_1502943433276_s.jpg

    འདི་ནི་འཁྲབ་སྟོན་པས་ཧུའུ་ནན་གྱི་ཚོགས་ར་གཙོ་བོར་རིག་རྩལ་འཁྲབ་སྟོན་བྱེད་བཞིན་པ།

    426722_yis_1502943420920_s.jpg

    འདི་ནི་ལྷུན་རྩེ་རྫོང་རི་རོང་ཤང་གི་ལས་ཞོར་རིག་རྩལ་རུ་ཁག་གིས《སྣང་ཆེན་བཞི་དང་དགའ་ཞེན་བཞིར་བསྟོད་གླུ་འབུལ》འཁྲབ་སྟོན་བྱེད་བཞིན་པ།

    426729_yis_1502943434945_s.jpg

    འདི་ནི་ལྟད་མོ་བས་ཨ་རག་འདྲེས་སྦྱོར་མཁས་ཅན་གྱིས་འདྲེས་སྦྱོར་བྱས་པའི་ཨ་རག་གི་བྲོ་བ་མྱོང་བཞིན་པ།

    426726_yis_1502943429859_s.jpg

    འདི་ནི་ལྟད་མོ་བས་བདམས་ཐོན་པས་ས་ཆ་དེ་རང་དུ་བཟོས་པའི་འགྲན་ཞུགས་བརྩམས་ཆོས་ལ་ལྟ་སྐོར་བྱེད་བཞིན་པ།

    འདི་

    426756_yis_1502944837334_s.jpg

    ནི་མ་བྱན་གྱི་འགྲན་བསྡུར་ཆེ་མོར་ཞིབ་དཔྱད་ཨུ་ཡོན་གྱིས་ས་ཆ་དེ་རང་དུ་སྐར་མ་རྒྱག་བཞིན་པ།

    འདི་

    426725_yis_1502943428221_s.jpg

    ནི་མ་བྱན་གྱི་འགྲན་བསྡུར་ཆེ་མོར་བདམས་ཐོན་པས་བློ་རྩེ་གཅིག་སྒྲིམ་གྱིས་ཟས་མཆོག་བཟོ་བཞིན་ཡོད་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།