[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ལྗོངས་སྒྱུ་རྩལ།
  • བླ་བྲང་བོད་རིག་པའི་མཐོ་རིམ་གླེང་སྟེགས་སྐབས་དང་པོ་བསང་ཆུ་རྫོང་དུ་བསྡུས།

  • ཡོང་ཁུངས།   ​ ཨ་མདོ་བརྙན་འཕྲིན།    |    རྩོམ་པ་པོ།      |    སྤེལ་དུས།   2017-08-08

    ཉེ་ཆར་བླ་བྲང་བོད་རིག་པའི་མཐོ་རིམ་གླེང་སྟེགས་སྐབས་དང་པོ་དེ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་དུ་སྤེལ་ཞིང་། ཚོགས་ཐོག་ཏུ་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་བསང་ཆུ་རྫོང་གི་འབྲེལ་ཡོད་འགོ་ཁྲིད་ཀྱིས་ཐེངས་འདིའི་བགྲོ་གླེང་དུ་ཕེབས་པའི་ཆེད་མཁས་པ་དང་དགེ་རྒན་ཆེན་མོ་བ། ཞིང་འཇུག་པ་རྣམས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་། བླ་བྲང་བོད་རིག་པའི་བགྲོ་གླེང་སྤེལ་བའི་དགོས་པ་དང་དམིགས་ཡུལ་སོགས་ཀྱི་སྐོར་ནས་གསུང་བཤད་གནང་བ་རེད།

    W020170808572494604258.jpg

    ཚོགས་ར་དངོས།

    ཀན་སུའུ་ཞིང་ཆེན་ནི་གནའ་བོའི་དར་གོས་ཚོང་ལམ་གྱི་ལམ་རྒྱུད་གཙོ་གྲས་དང་ད་ལྟའི་རྒྱུད་གཅིག་ལམ་གཅིག་གི་ལམ་རྒྱུད་གཙོ་བོའི་གྲས་ཤིག་ཡིན་པའི་ཆ་ནས་བླ་བྲང་ས་ཆའི་རིག་གནས་སྔོག་འདོན་དང་སྲུང་སྐྱོབ། ཡུལ་སྐོར་འཕེལ་རྒྱས་སུ་གཏོང་རྒྱུ་ནི་དགོས་ངེས་ཀྱི་དོན་དག་གལ་ཆེན་ཏུ་གྱུར་ཡོད་པ་དང་། ས་གནས་ཀྱི་སྲོལ་རྒྱུན་རིག་གནས་དར་སྤེལ་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་དགེ་མཚན་ཆེན་པོ་ལྡན།

    3.jpg

    ཚོགས་ཞུགས་འབྲེལ་ཡོད་འགོ་ཁྲིད་སོགས།

    ཐེངས་འདིར་རྒྱལ་ནང་གི་བོད་རིག་པའི་ཞིབ་འཇུག་ལས་ཁུངས་དང་མི་རིགས་སློབ་ཆེན་ཁག་གི་བོད་རིག་པའི་ཞིབ་འཇུག་ལ་གྲུབ་འབྲས་མི་དམན་པ་བླངས་ཡོད་པའི་ཆེད་མཁས་པ་དྲུག་ཅུ་ལྷག་གདན་དྲངས་ཏེ། ཕྱོགས་ཡོངས་ནས་བླ་བྲང་ས་ཆའི་རིག་གནས་དང་ཡུལ་སྐོར་གྱི་སྐོར་ལ་བགྲོ་གླེང་གནང་ཞིང་། དེ་ནི་སྔར་ལས་ལྷག་པའི་སྒོ་ནས་ལྗང་མདོག་གི་བསང་ཆུ་དང་། རིག་གནས་ཀྱི་བསང་ཆུ། ཡིད་འོང་གི་བསང་ཆུ། འཆམ་མཐུན་གྱི་བསང་ཆུ། བདེ་སྐྱིད་ཀྱི་བསང་ཆུ་འཛུགས་སྐྲུན་བྱེད་པའི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱ་རྒྱུ་དང་། སྐྱེ་ཁམས་དང་ཡུལ་སྐོར། རིག་གནས་བཅས་མཉམ་དུ་འདྲེས་པའི་སྒོ་ནས་རིག་གནས་ཐོན་ལས་རྒྱ་ཆེར་སྤེལ་རྒྱུ། བླ་བྲང་རིག་གནས་ཀྱི་ཚོང་རྟགས་གྲགས་ཅན་ལ་བརྟེན་ནས་རིག་གནས་ཐོན་ལས་གོང་དུ་སྤེལ་རྒྱུ། རིག་གནས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་དེ་སྔོག་འདོན་གང་ལེགས་བྱས་ཏེ་རིག་གནས་སྙིང་སྟོབས་དང་རང་སའི་རིག་གནས་སྣ་ཚོགས་སྔར་ལས་གོང་འཕེལ་ཡོང་བ་བྱ་རྒྱུ། ཕྱི་ཡོང་གི་མ་དངུལ་འབོར་ཆེན་བསང་ཆུར་དྲངས་ཏེ་རྒྱུད་གཅིག་ལམ་གཅིག་གི་འཐབ་ཇུས་ཆེན་མོའི་གོ་སྐབས་དམ་འཛིན་བྱ་རྒྱུ་སོགས་ཀྱི་ཐད་ནས་བཤད་ན་དོན་སྙིང་གལ་ཆེན་ལྡན་པ་ཞིག་རེད།

    5.jpg

    ཚོགས་ཞུགས་ཆེད་མཁས་པ།

    འགོ་ཚུགས་མཛད་སྒོ་མཇུག་སྒྲིལ་རྗེས། རྒྱལ་ཁབ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཟུར་པ་དོན་གྲུབ་དབང་འབུམ་དང་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་འགན་འཛིན་གཞོན་པ་བློ་བཟང་ལྷུན་གྲུབ་རྡོ་རྗེ། ཀན་སུའུ་མི་རིགས་དགེ་ཐོན་སློབ་ཆེན་གྱི་སློབ་སྤྱི་གཞོན་པ་རྡོ་ཕྲུག་སོགས་ཀྱིས་སྔ་རྗེས་སུ་བོད་ཀྱི་རིག་གནས་ཀྱི་བྱུང་འཕེལ་དང་བླ་བྲང་ས་ཆའི་སྐྱེ་ཁམས་གནས་སྐོར་གོང་སྤེལ། རིག་གནས་སྐྱེ་ཁམས་ཀྱི་མ་ལག་འཛུགས་སྐྱོང་ཀྱི་གལ་ཆེའི་རང་བཞིན་སྐོར་ནས་བརྗོད་དོན་གཙོ་བོའི་གཏམ་བཤད་སྤེལ་བ་རེད།

    7.jpg

    ཚོགས་རའི་ཟུར་ཞིག

    ཤེས་རྟོགས་བྱུང་བར་གཞིགས་ན། བླ་བྲང་བོད་རིག་པའི་མཐོ་རིམ་གླེང་སྟེགས་འདི་དུས་ཡུན་ཉིན་གཉིས་རིང་སྤེལ་རྒྱུ་ཡིན་ཞིང་། བགྲོ་གླེང་གི་སྐབས་སུ་ཚོགས་ཞུགས་པ་སོ་སོས་བླ་བྲང་རིག་གནས་དར་སྤེལ་དང་རིག་གནས་གནས་སྐོར་འཕེལ་རྒྱས་ཀྱི་སྐོར་ནས་བགྲོ་གླེང་གནང་རྒྱུ་ཡིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།