[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ལྗོངས་སྒྱུ་རྩལ།
  • བོད་ཀྱི་དམངས་ཁྲོད་རོལ་དབྱངས་དྲ་ཚིགས་ཐོག་མ་ཤར་གཏོང་བྱས་པ།

  • ཡོང་ཁུངས།   མི་དམངས་དྲ་བའི་འཕྲིན།    |    རྩོམ་པ་པོ།      |    སྤེལ་དུས།   2017-06-28

    མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་22ཉིན་བོད་ལྗོངས་ཐེན་ལི་དཔལ་འབྱོར་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་སྤྱི་གཉེར་གཞོན་པ་ཧྲི་ཡུས་ཀྱིས་གསར་འགོད་པར“བོད་ལྗོངས་དམངས་ཁྲོད་རོལ་དབྱངས་ཁ་ཐོར་དུ་གནས་པས། ལེགས་སྒྲིག་བྱ་དགོས་ན་དཀའ་ཚེགས་ཧ་ཅང་ཆེ”ཞེས་བཤད་པ་རེད། བོད་ལྗོངས་ཀྱིས་ཕུལ་བྱུང་གི་སྲོལ་རྒྱུན་རོལ་དབྱངས་གོ་རིམ་ལྡན་པའི་ངང་འཚོལ་བསྡུ་ལེགས་སྒྲིག་བྱ་ཆེད། བོད་ལྗོངས་ཀྱི་དམངས་ཁྲོད་རོལ་དབྱངས་དྲ་ཚིགས་དང་པོ་གངས་ལྗོངས་རོལ་དབྱངས་དྲ་བ་དངོས་སུ་ཤར་གཏོང་བྱས་པ་རེད། དྲ་ཚིགས་འདིས་བོད་ལྗོངས་ཀྱི་དམངས་ཁྲོད་རོལ་དབྱངས་ཕུལ་བྱུང་དང་རོལ་དབྱངས་པ་ཕུལ་བྱུང་ཅན་སྔོག་འདོན་བྱེད་པ་མ་ཟད། ད་དུང་གདོད་མའི་རྣམ་པའི་རོལ་དབྱངས་གཞི་གྲངས་མཛོད་འཛུགས་སྐྲུན་ལ་གཞོལ་ནས་བོད་ཡུལ་གྱི་གནའ་བོའི་རོལ་དབྱངས་རྒྱུན་འཛིན་བྱེད་བཞིན་ཡོད་པ་རེད།

    གནའ་སྔ་མོ་ནས་བཟུང་བོད་རིགས་མང་ཚོགས་གོམ་པ་སྤོ་ཤེས་པ་ཚང་མ་ཞབས་བྲོ་འཁྲབ་ཤེས་ཤིང་། སྐད་ཆ་བཤད་ཤེས་པ་ཚང་མ་གླུ་དབྱངས་ལེན་ཤེས་པའི་མི་རིགས་ཤིག་ཡིན་པའི་བབ་ཆགས་མི་རྣམས་ཀྱི་སེམས་ལ་འཇགས་ཡོད། དུས་ཆེན་སྐབས་གསོལ་བ་སྨོན་ལམ་འདེབས་པ་དང་། ཡང་ན་ལས་ཀ་བྱེད་ཡུལ་དངོས་གང་དུ་ཡིན་རུང་། ཁོང་ཚོས་གླུ་བླངས་ནས་རང་ཉིད་ཀྱི་སེམས་ཀྱི་དུང་བ་འབུལ་བར་དགའ་པོ་ཡོད་པ་རེད། ས་ཁོངས་མི་འདྲ་བ་ལྟར་ས་གནས་སོ་སོའི་གླུ་དབྱངས་ལའང་ཁྱད་ཆོས་མི་འདྲ་བ་སྣ་ཚོགས་ལྡན་པ་རེད།

    ལོ་རྒྱུས་མཚོན་པའི་སྙན་ངག་《གེ་སར་སྒྲུང་》ནི་བོད་ཀྱི་གནའ་བོའི་སྤྱི་ཚོགས་ཀྱི་ཤེས་བྱ་ཀུན་འདུས་ཀྱི་དེབ་ཡིན་པའི་སྙན་གྲགས་ཁྱབ་པ་དང་། འཛམ་གླིང་ཐོག་དཔའ་བོའི་ལོ་རྒྱུས་མཚོན་བྱེད་སྙན་ངག་རིང་ཤོས་ཤིག་ཡིན་ཞིང་། ཐོག་མར་གཙོ་བོར་《གེ་སར་སྒྲུང་》གི་དམངས་ཁྲོད་སྒྲུང་མཁན་གྱིས་གླུ་མ་གཏམ་གྱི་ཐོག་ནས་ངག་རྒྱུན་དུ་ཁྱབ་སྤེལ་བྱས་པ་རེད། ཡིན་ནའང་དམངས་ཁྲོད་སྒྲུང་མཁན་རྣམས་མང་ཆེ་བ་དགུང་ལོ་མཐོ་པོར་ཕེབས་ལ། སྒྲུང་མཁན་རྒན་རབས་ལ་ལ་ནི་སྐུ་གཤེགས་པས། དཔའ་བོའི་ལོ་རྒྱུས་མཚོན་པའི་སྙན་ངག་རིང་པོ་《གེ་སར་སྒྲུང་》འདི་མི་རབས་ནས་མི་རབས་བར་ཁྱབ་སྤེལ་བྱ་ཕྱིར། བོད་ལྗོངས་སློབ་ཆེན་གྱིས་1979ལོར་《གེ་སར་སྒྲུང་》མྱུར་སྐྱོབ་ཚོ་ཆུང་དབུ་བརྙེས་པ་དང་། བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གིས་2000ལོར་《གེ་སར་སྒྲུང་མཁན་བསམ་འགྲུབ་ཀྱི་གླུ་མ་གཏམ་དེབ་》ཅེས་པ་སྒྲ་ཕབ་ལེགས་སྒྲིག་དང་རྩོམ་སྒྲིག་དཔེ་སྐྲུན་ལས་གཞི་སྒྲུབ་འགོ་བརྩམས་པ་རེད།

    ཧྲི་ཡུས་ཀྱིས་ཀུང་སི་ད་ལོའི་ལོ་སྨད་ནས་གདོད་མའི་རྣམ་པའི་བོད་མི་རིགས་ཀྱི་རོལ་དབྱངས་གཞི་གྲངས་མཛོད་གྲབས་འཛུགས་ལས་ཀ་བྱེད་འགོ་བརྩམ་རྒྱུ་ཡིན་པ་དང་། སྐབས་དེར་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་སོགས་སྡེ་ཁག་དང་མཉམ་ལས་བྱས་ནས་བོད་ལྗོངས་ཀྱི་ས་གནས་ཁག་གི་དམངས་ཁྲོད་དུ་དམངས་གཞས་འཚོལ་བསྡུ་དང་། ཕུལ་བྱུང་གི་དམངས་ཁྲོད་རོལ་དབྱངས་གོ་རིམ་ལྡན་པའི་ངང་འཚོལ་བསྡུ་ལེགས་སྒྲིག་བྱས་མཐར་རོལ་དབྱང་དེ་དག་ལ་གྲངས་ཀ་ཅན་གྱི་རྣམ་པའི་ཐོག་ནས་མངོན་པར་བྱེད་དུ་འཇུག་རྒྱུ་ཡིན་ཞེས་བསྟན་པ་རེད།

    མིག་སྔར། དྲ་ཚིགས་འདིས་བོད་ཡུལ་གྱི་གླུ་དབྱངས་ཧ་ལམ་5000ལྷག་འཚོལ་བསྡུ་སྒྲ་ཕབ་བྱས་ཡོད་པ་དང་། ད་དུང་ཉིན་ལྟར་རེ་བཞིན་གསར་བཅོས་རྒྱུན་ཆད་མེད་པར་བྱེད་བཞིན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།