[ English ] [ 中文 ]
0891-6325020
དབུ་ཤོག>བོད་ཀྱི་རིག་གནས།>དེབ་གསར་འོས་སྦྱོར།
  • གཏམ་བཟང་། སྤྱོད་གོ་ཆེ་བའི་ཚིག་མཛོད་གསར་པ་ཞིག་དཔེ་སྐྲུན་བྱས་འདུག

  • ཡོང་ཁུངས།   བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།    |    རྩོམ་པ་པོ།      |    སྤེལ་དུས།   2021-12-23

     དེ་རིང་ཞོགས་པར། པེ་ཅིང་སྐད་ཡིག་དཔེ་སྐྲུན་ཁང་དང་རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང(རྩོམ་སྒྱུར་ཅུད)གིས་གཙོ་གཉེར་བྱས་པའི《རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་ཚིག་མཛོད(བོད་ཡིག་ཤན་སྦྱར)》ཀྱི་པར་ཕུད་འགྲེམས་སྤེལ་མཛད་སྒོ་དེ་ལྷ་ས་ཤམ་བྷ་ལ་གསོལ་མགྲོན་ཁང་དུ་འཚོགས་པ་དང་། རང་ལྗོངས་ཀྱི་བོད་སྐད་ཡིག་གམ་ཡིག་སྒྱུར་དང་འབྲེལ་བའི་སྡེ་ཚན་ཁག་གི་འགོ་ཁྲིད་དང་། བོད་ལྗོངས་སློབ་ཆེན་དང་ལྷ་ས་ཧའེ་ཁྲེང་སློབ་ཆུང་གི་དགེ་སློབ་ཀྱི་འཐུས་མི་སོགས་མཛད་སྒོར་ཞུགས་ཡོད་པ་རེད།

    1.webp.jpg

    ཤེས་རྟོགས་བྱས་པར་གཞིགས་ན། 《རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་ཚིག་མཛོད(བོད་ཡིག་ཤན་སྦྱར)》ནི་སྐད་ཡིག་དཔེ་སྐྲུན་ཁང་དང་། རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང(རྩོམ་སྒྱུར་ཅུད)གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐད་ཡིག་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་རྒྱལ་ཡོངས་ཀྱི་སྐད་ཡིག་ལས་དོན་ཚོགས་འདུའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ།  2019ལོའི་ཟླ་5པ་ནས་བཟུང་། རང་ལྗོངས་ཀྱི་རྒྱ་ཆེའི་ལས་བྱེད་མང་ཚོགས་དང་ལྷག་པར་དུ་གཞོན་ནུ་ལོ་ཆུང་ཚོར་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་དང་ཁྱབ་གདལ་གཏོང་བར་རམ་འདེགས་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བ། མི་རིགས་རིག་གནས་དར་སྤེལ་གཏོང་བ་སོགས་ཀྱི་དགོས་མཁོར་དམིགས་ནས་ཐུན་མོང་ཐོག་རྩོམ་སྒྲིག་བྱས་པ་ཞིག་རེད།  ཁྱོན་ཡིག་འབྲུ་འབུམ་བདུན་ལྷག་ཟིན་པའི་ཚིག་མཛོད་འདི་འདྲ་ཞིག་དཔེ་སྐྲུན་བྱས་པ་འདིས། འགྱུར་ཡིག་སྔར་བས་ཚད་ལྡན་དང་གཅིག་གྱུར་ཡོང་བར་གཞི་འཛིན་ས་ཡོད་པར་བྱས་པ་དང་སྦྲགས།  ཡིག་སྒྱུར་ལས་དོན་པར་དེ་བས་དབང་གྲགས་ལྡན་པའི་ཚིག་མཛོད་སྤུས་ལེགས་ཤིག་ཀྱང་མཁོ་འདོན་ཐུབ་ཡོད་པས། དེ་ཡང་རྒྱ་བོད་ཚིག་མཛོད་རྩོམ་སྒྲིག་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་ལྟ་བུ་ཞིག་ཡིན་པ་སྨོས་མི་དགོས་སོ།

    2.webp.jpg

    ཚིག་མཛོད་ཅིག་རྩོམ་སྒྲིག་བྱེད་པར་དུས་ཡུན་རིང་བ་དང་བླང་བྱ་མཐོ་བ་མ་ཟད། ལས་འབོར་ཆེ་བས། དེ་ལ་མི་མང་པོའི་སེམས་ནུས་དང་བློ་གྲོས་གཅིག་ཏུ་བསྡུས་ཏེ་ཕྱོགས་མང་པོའི་མཉམ་ལས་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་པ་ཨ་ཅང་བརྗོད་མེད་རེད།《རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་ཚིག་མཛོད(བོད་ཡིག་ཤན་སྦྱར)》རྩོམ་སྒྲིག་བྱེད་པའི་བརྒྱུད་རིམ་ཁྲོད་དུའང་། རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང(རྩོམ་སྒྱུར་ཅུད)གིས་བོད་ལྗོངས་སློབ་ཆེན་དང་། བོད་ལྗོངས་ཉིན་རེའི་ཚགས་པར། བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས། ལྗོངས་བསླབ་གཞི་རྩོམ་སྒྱུར་ལྟེ་གནས་སོགས་ཀྱི་ཆེད་ལས་མཁས་པ་མང་པོ་ཧྲག་བསྡུས་བྱས་ཏེ་ཡིག་སྒྱུར་བྱས་པ་ཞིག་ཡིན་སྟབས། དེའང་ཚང་མས་སེམས་ནུས་གཅིག་སྒྲིལ་དང་ངལ་བ་ལྷུར་ལེན་བྱས་པའི་འབྲས་བུ་ཡིན་པ་གོར་མ་ཆག

    3.webp.jpg

    རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང(རྩོམ་སྒྱུར་ཅུད)ཀྱི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རེན། ཅུས་ཀྲང་། ཚིག་མཛོད་འདིའི་གཙོ་སྒྲིག་པ་ནོར་བུས། ཚིག་མཛོད་འདི་འདྲ་ཞིག་དཔེ་སྐྲུན་བྱས་པས། བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་བྱེད་པར་སྤྱོད་གོ་ཆེ་བའི་ཚིག་མཛོད་ཅིག་མཁོ་འདོན་བྱས་པ་དང་དུས་མཚུངས། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བར་ཆབ་སྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་ལ། སྤྱི་ཚོགས་ཀྱི་ཤུགས་རྐྱེན་ཡང་ཆེན་པོ་ཐོན་སྲིད་ཅེས་བརྗོད། 

    4.webp.jpg

    ལྗོངས་བསླབ་གཞི་རྩོམ་སྒྱུར་ཅུས་ཀྱི་དེ་སྔའི་ཞུས་ཆེན་ལོ་ཙཱ་བ། བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་གི་ཞིབ་འཇུག་སློབ་མའི་སློབ་དཔོན་རྡོ་རྗེ་དགྲ་འདུལ་གྱིས། ཚིག་མཛོད་དཔེ་སྐྲུན་གྱི་རྣམ་གྲངས་འདིར་ཞུགས་མྱོང་མཁན་ཞིག་གི་ངོས་ནས། 《རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་ཚིག་མཛོད(བོད་ཡིག་ཤན་སྦྱར)》དངོས་སུ་དཔེ་སྐྲུན་བྱས་པར་དགའ་བ་དཔག་མེད་བྱུང་། ཚིག་མཛོད་འདི་ནི་ད་ལྟ་ལག་ལེན་བསྟར་བཞིན་པའི་རྒྱལ་ཁབ་ཀྱི་སྐད་ཡིག་གི་ཚད་གཞིར་གཞིགས་ནས་ལོ་ཙཱ་དང་རྩོམ་སྒྲིག་བྱས་པའི་ཕྱོགས་བསྡུས་རང་བཞིན་གྱི་ཤེས་བྱ་ཀུན་འདུས་རྣམ་པའི་ཚིག་མཛོད་ཅིག་རེད། དེ་ནི་སྔོན་ཆད་ཀྱི་དེང་རབས་རྒྱ་ཡིག་ཚིག་མཛོད་དང་མི་འདྲ་བར་ཐ་སྙད་གསར་པ་མང་པོ་བསྡུ་རུབ་བྱས་ཡོད་ཅེས་བརྗོད།

    5.webp.jpg

    གསར་འགོད་པ།རིན་ཆེན།

    པར་ལེན་སྒྲིག་བཟོ། བསོད་ནམས་ཆོས་སྒྲོན།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།