[ English ] [ 中文 ]
0891-6325020
དབུ་ཤོག>བོད་ཀྱི་རིག་གནས།>དེབ་གསར་འོས་སྦྱོར།
  • རྒན་བཀྲ་ཤིས་དཔལ་ལྡན་ལགས་ཀྱི་སྒྲུང་ཐུང་བདམས་བསྒྲིགས་ཐོན་འདུག

  • ཡོང་ཁུངས།   བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།    |    རྩོམ་པ་པོ།      |    སྤེལ་དུས།   2021-05-19


    微信图片_20210519160225.jpg

    རྩོམ་པ་པོ་ངོ་སྤྲོད།

        རྒན་བཀྲ་ཤིས་དཔལ་ལྡན་ལགས་ནི་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་འཚར་ལོངས་བྱུང་བའི་བོད་ཀྱི་རྩོམ་པ་པོའི་དཔུང་ཁག་ནང་གི་གྲས་ཤིག་ཡིན་ཞིང་། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པ་ནས་བཟུང་རྩོམ་རིག་བརྩམས་ཆོས་སྤེལ་འགོ་ཚུགས་ཏེ། སྔ་རྗེས་སུ《བགྲེས་སོང་ཚེ་རིང་ལ་གོ་འཛོལ་བྱུང་བ》དང་།《ཕྱི་ཉིན་གྱི་གནམ་གཤིས་དེ་རིང་ལས་ལེགས་པ་ཡོང་ངེས》《རྒྱུད་སྐུད་སྟེང་གི་རྣམ་ཤེས》(རྗེས་སུ་དེང་རབས་ལྷ་མོའི་འཁྲབ་གཞུང“རྡོ་གཞུང་ལའི་དཔྱིད་ཀ”ཞེས་པར་བསྒྱུར་བཟོ་བྱས་ནས་འཁྲབ)《རི་མགོ་མཐོན་པོའི་ཉི་མ》ལ་སོགས་པའི་སྒྲུང་གཏམ་ཐུང་འབྲིང་བཞི་བཅུ་ལྷག་ཙམ་བྲིས་ནས་བོད་རིགས་ཀློག་པ་པོའི་ཁྲོད་དུ་བག་ཆགས་གཏིང་ཟབ་བཞག1992ལོར་བོད་ཀྱི་ཁྱིམ་ཚང་ཀུན་གྱིས་ཤེས་པའི་སྒྲུང་གཏམ་རིང་གྲས《ཕལ་པའི་ཁྱིམ་ཚང་གི་སྐྱིད་སྡུག》དཔེ་སྐྲུན་བྱས་པ་དང་། སྔ་ཕྱིར་བོད་རང་སྐྱོང་ལྗོངས་ཀྱི“ཇོ་མོ་གླང་མའི་རྩོམ་རིག་སྒྱུ་རྩལ་བྱ་དགའ”དང་། ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་རིག་བྱ་དགའ“རྟ་མཆོག་བྱ་དགའ”  རྒྱལ་ཡོངས་ཀྱི་རྩོམ་རིག་བྱ་དགའ“ཀྲོང་ཀྲུང་ཝུན་རྩོམ་རིག་བྱ་དགའ”  ཞིང་ལྗོངས་ལྔའི་དུས་རབས་གསར་པའི་རྩོམ་རིག་གསར་རྩོམ་བྱ་དགའ། “གངས་རྒྱན་བུམ་པའི་བྱ་དགའ”སོགས་ཐོབ། བརྩམས་ཆོས་ལ་ལ་རྒྱ་ཡིག་དང་། དབྱིན་ཡིག་ལ་བསྒྱུར་ཡོད་པ་དང་།《རི་མགོ་མཐོན་པོའི་ཉི་མ》ཞིང་ལྗོངས་ལྔའི་མཐོ་འབྲིང་བོད་ཡིག་བསླབ་གཞིའི་ནང་བདམས་ཡོད། གཞན་ཡང་། སྒྲུང་ཐུང་བདམས་བསྒྲིགས《ཕྱི་ཉིན་གྱི་གནམ་གཤིས་དེ་རིང་ལས་ལེགས་པ་ཡོང་ངེས》(1991ལོ)དང་།སྒྲུང་འབྲིང་བདམས་བསྒྲིགས《རྒྱུད་སྐུད་སྟེང་གི་རྣམ་ཤེས》(1995ལོ)ལྷུག་རྩོམ་བདམས་བསྒྲིགས《ས་སྲོས་ཀྱི་འཆར་སྒོ》(2010ལོ)དོན་བརྗོད་ལྷུག་རྩོམ་རིང་གྲས《དགུན་གཞུང་རིང་མོ》 (2014ལོ)སོགས་དཔེ་སྐྲུན་བྱས།
        ད་ལྟ་སྔར་བཞིན་རྩོམ་རིག་གསར་རྩོམ་གྱི་བྱ་བའི་རྒྱུན་སྐྱོང་བཞིན་ཡོད་པ་དང་། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་དང་། མཐོ་རིམ་རྩོམ་སྒྲིག་པ། བོད་ལྗོངས་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། བོད་ལྗོངས་ལོ་ཙཱ་བའི་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། རྒྱལ་ཡོངས་ཐ་སྙད་བཀས་བཅད་མཁས་དབང་ཚོགས་ཆུང་གི་ཁོངས་མི་སོགས་ཡིན།

    ནང་དོན་མདོར་བསྡུས།

         དཔེ་དེབ་འདིའི་ནང་བཏུས་པའི་རྩོམ་ཡིག་ནི་དེ་སྔོན་དཔེ་སྐྲུན་བྱས་པའི《ཕྱི་ཉིན་གྱི་གནམ་གཤིས་དེ་རིང་ལས་ལེགས་པ་ཡོང་ངེས》ནང་གི་སྒྲུང་རྩོམ་ཧྲག་སྒྲུག་བྱས་པའི་རྨང་གཞིའི་ཐོག་རྗེས་སུ་ཐ་ཐོར་སྤེལ་བའི་སྒྲུང་ཐུང་ལེགས་གྲས་ཁག་གཅིག་ཁ་སྣོན་བརྒྱབ་སྟེ་གྲུབ་པ་ཡིན་ཞིང་། བརྩམས་ཆོས་རེ་རེ་ནི་དུས་སྐབས་ཀྱི་འཚོ་བའི་ཕབ་རྩི་བཏབ་པའི་ལོ་ཆང་ཁམ་པ་ཡིན་ལ། དེ་བས་ཀྱང་དུས་རབས་ཤིག་གི་བོད་ཀྱི་གྲོང་གསེབ་ཀྱི་སྤྱི་ཚོགས་རྣམ་པ་དང་མི་རྣམས་ཀྱི་བསམ་པའི་འཇིག་རྟེན་ལ་ལྟ་བའི་མེ་ལོང་ཞིག་ཀྱང་ཡིན་པས། དེའི་ནང་གི་ཚོར་འདུ་དང་ཉམས་འགྱུར་ནི་ད་ཆའི་ཡུལ་དུས་དང་བསྡུར་གཞི་མངོན་གསལ་དོད་པོ་ཞིག་ཏུ་གྱུར།    —རྩོམ་པ་པོས།

    དཀར་ཆག

    微信图片_20210519160237.jpg

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།