[ English ] [ 中文 ]
0891-6325020
དབུ་ཤོག>བོད་ཀྱི་རིག་གནས།>དེབ་གསར་འོས་སྦྱོར།
  • བོད་ཀྱིས་རྩ་ཆེའི་དཔེ་རྙིང་མང་པོ་འཛམ་གླིང་ལ་མཉམ་སྤྱོད་བྱས་པ།

  • ཡོང་ཁུངས།   བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།    |    རྩོམ་པ་པོ།      |    སྤེལ་དུས།   2021-04-27

    微信图片_20210427162708.jpg

    ཉིན་ཤས་གོང་། བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང(རང་སྐྱོང་ལྗོངས་དཔེ་རྙིང་སྲུང་སྐྱོང་ལྟེ་གནས)གིས་བོད་ཡིག་གི་དཔེ་རྙིང་ཁག་གཉིས་པའི་གྲངས་གཞི་ཅན་གྱི་གྲུབ་འབྲས་དྲ་ཐོག་ནས་སྤེལ་བར་དཔེ་རྙིང་རྩ་ཆེན་པོ་ཏི་162དང་ཤོག་ལྷེ་ཁྲི་1.6ཙམ་ཡོད་པ་རེད།     

    微信图片_20210427162717.jpg

    2020ལོའི་ཟླ་4ཚེས་25ཉིན། བོད་རང་སྐྱོང་ལྗོངས་དཔེ་རྙིང་སྲུང་སྐྱོང་ལྟེ་གནས་ཀྱིས་ཁག་ཐེངས་དང་པོའི་དཔེ་རྙིང་རྩ་ཆེན་པོ་ཏི་50དང་ཤོག་ལྷེ་6581དྲ་ཐོག་ཏུ་ཚོད་ལྟའི་ངང་བཏོན་ཞིང་། མིག་སྔའི་བར། ལས་སྟེགས་དེས་རིམ་རྩིས་བྱས་ན་དྲ་ཐོག་ཏུ་དཔེ་རྙིང་རྩ་ཆེན་པོ་ཏི་212དང་ཤོག་ལྷེ་23116བཏང་བའི་གྲས་སུ་བོད་རིགས་ཀྱི་སྐབས་རིམ་བྱུང་མཁས་དབང་དང་། དེ་བཞིན་སྤྱི་ལོའི་དུས་རབས་12པ་ནས་20པ་བར་གྱི་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཁག་གི་བླ་མ་སྐྱེས་ཆེན་གྱི་རྣམ་ཐར་དང་། བོད་ཀྱི་ལོ་རྒྱུས་དེབ་ཐེར་སྔོན་པོ། རྒྱ་བོད་ཆོས་འབྱུང་སོགས་ཚུད་ཡོད། 

    微信图片_20210427162721.jpg

    2009ལོར། བོད་ཀྱིས་གཞི་ཁྱོན་ཆེ་ཤོས་ཀྱི་དཔེ་རྙིང་ཡོངས་བཤེར་འདུ་འགོད་དངོས་སུ་ལག་བསྟར་བྱས་ཡོད། ལོ་བཅུ་ཙམ་རིང་། ཡོངས་བཤེར་ལས་དོན་མི་སྣས་བོད་ཀྱི་ས་ཆ་ཕལ་ཆེ་བར་བསྐྱོད་ཡོད། མིག་སྔའི་བར་བོད་ཀྱིས་དཔེ་རྙིང་པོ་ཏི་18000ཙམ་ལ་ཡོངས་བཤེར་ཐོ་འགོད་བྱས་པ་དང་། དཔེ་རྙིང་པོ་ཏི་305《རྒྱལ་ཁབ་ཀྱི་དཔེ་རྙིང་རྩ་ཆེན་གྱི་མིང་གཞུང》ནང་ཚུད་པ། རིམ་རྩིས་བྱས་ན། སྟོངས་ལ་ཉེ་བའི་དཔེ་རྙིང་ཤོག་ལྷེ་4000ཙམ་ཉམས་གསོ་ཐུབ་ཡོད་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།