[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>ཞལ་གདམས།
  • དཔེ་ཀློག་གདམས་ངག་བདུད་རྩི་རིལ་བུ་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-04-23

    སྐྱེས་རབས་ལས།

    ཐོས་པ་གཏི་མུག་མུན་སེལ་སྒྲོན་མེ་ཡིན། །རྐུན་པོས་འཕྲོག་ཏུ་མེད་པའི་ནོར་གྱི་མཆོག །

    ཀུན་ཏུ་རྨོངས་པའི་དགྲ་འཇོམས་མཚོན་ཆ་ཡིན། །ཐབས་ཚུལ་མན་ངག་སྟོན་པའི་གྲོགས་ཀྱི་མཆོག །


    འཇུ་མི་ཕམ།

    ཤེས་རབ་རྒྱ་ཆེར་འཕེལ་བའི་སྒོ། །ཐོས་པ་ཡིན་པ་དེ་ཡི་ཕྱིར། །

    འབད་དེ་ཐོས་པ་མི་འཚོལ་བར། །མནོག་ཆུང་བྱ་བས་ཅི་ཞིག་བྱ། །


    འཇམ་དཔལ་རོལ་བའི་བློ་གྲོས།

    མདོར་ན་དང་པོ་བླང་དོར་གནས། །རྒྱ་ཆེན་ཐོས་པར་བྱེད་པ་དང་། །

    དེ་དོན་བག་ཡོད་དྲན་ཤེས་ཀྱིས། །བསྲུང་བར་མི་བྱེད་སུ་ཡིན་ཉམས། །

    དེས་ན་མང་དུ་ཐོས་པའི་དོན། །དྲན་ཤེས་སྟོབས་ཀྱིས་བསྲུང་བར་བྱ། །


    ས་པཎ་ཀུན་དགའ་རྒྱལ་མཚན།

    རིག་པ་ནངས་པར་འཆི་ཡང་བསླབ། །ཚེ་འདིར་མཁས་པར་མ་གྱུར་ཡང་། །

    སྐྱེ་བ་ཕྱི་མར་བཅོལ་བ་ཡི། །ནོར་ལ་རང་ཉིད་ལེན་དང་མཚུངས། །

    4.23འཛམ་གླིང་དཔེ་ཀློག་ཉིན་མོ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།