[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>རིག་དངོས་རྟོག་ཞིབ།
  • ཐང་བོད་གནའ་ལམ་རྟོག་དཔྱོད་རུ་ཁག་གིས་ལྷོ་ཁ་འཕྱོངས་རྒྱས་ནས་ཉམས་ཞིབ་གནང་།

  • ཡོང་ཁུངས།   ​ ཀྲུང་གོའི་བོད་ལྗོངས་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-08-20

    ཀྲུང་གོའི་བོད་ལྗོངས་དྲ་བའི་གསར་འགྱུར། ཟླ་༨པའི་ཚེས་༡༥ཉིན་གྱི་སྔ་དྲོར་ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་གི་མཁས་དབང་ཨུ་ཡོན་བང་ཀྲིན་ཀྲུང་གིས་ཐང་བོད་གནའ་ལམ་འཛམ་གླིང་རིག་གནས་ཤུལ་བཞག་ཞེས་པའི་རྟོག་དཔྱོད་རུ་ཁག་ཁྲིད་དེ་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱི་འཕྱོངས་རྒྱས་རྫོང་ལ་ཉམས་ཞིབ་ཏུ་སླེབས། བོད་ལྗོངས་སྤྱི་ཚོགས་ཚན་རིག་གླིང་གི་ཏང་ཨུའི་ཧྲུའུ་ཅིའམ་ཞིབ་འཇུག་པ་ཁྲི་མེན་ཧུའེ་ལགས་དང་། མཚོ་སྔོན་སྤྱི་ཚོགས་ཚན་རིག་གླིང་གི་ཏང་ཙུའུ་ཧྲུའུ་ཅིའམ་གླིང་གཙོ་སློབ་དཔོན་ཁྲིན་ཝེ་ལགས། ཀན་སུའུ་སྤྱི་ཚོགས་ཚན་རིག་གླིང་གི་གླིང་གཙོ་གཞོན་པའམ་ཞིབ་འཇུག་པ་ཨན་བུན་ཧྭ་ལགས་བཅས་མི་སྣ་༢༡ཉམས་ཞིབ་ནང་ཞུགས།

    W020170818352578553225.jpg

    འདི་ནི་བང་ཀྲིན་ཀྲུང་སོགས་འཕྱོངས་རྒྱས་བཙན་པོའི་བང་སོ་ལས་སྲོང་བཙན་སྒམ་པོའི་བང་སོ་ལ་ཉམས་ཞིབ་གནང་བཞིན་པའི་ཚུལ་ཡིན།

    ལྷོ་ཁ་གྲོང་ཁྱེར་གྱི་རྒྱུན་ལས་ཨུ་ཡོན་ནམ་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཡན་ཧོང་ལགས་དང་། གྲོང་ཁྱེར་ཨུ་ཡོན་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པ་ཡན་ཁྲང་ན་ལགས། འཕྱོངས་རྒྱས་རྫོང་ཨུའི་ཧྲུའུ་ཅི་ཨན་ཞིན་གོ་ལགས། རྫོང་ཨུའི་རྒྱུན་ལས་ཨུ་ཡོན་ནམ་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཀྲང་ལན་པོ་ལགས། རྫོང་ཨུའི་རྒྱུན་ལས་ཨུ་ཡོན་ནམ་རྫོང་དཔོན་གཞོན་པ་ཡོན་ཀྲིན་སོགས་ལྷན་ཏུ་ཉམས་ཞིབ་ནང་ཞུགས།

    W020170818352578575502.jpg

    འདི་ནི་འཕྱོངས་རྒྱས་རྫོང་གི་རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་ཁང་རྙིང་ཡིན།

    རྟོག་དཔྱོད་རུ་ཁག་སྔ་གཞུག་ཏུ་འཕྱོངས་རྒྱས་རྫོང་བོད་ཆེན་པོའི་གནས་རྙིང་གོམ་བགྲོད་སྲང་ལམ་དང་། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་མཛད་པའི་དཔང་བསྟོད་རྡོ་རིང་། ཕྱིང་བ་སྟག་རྩེ་ཐང་ཆེན། རྒྱལ་དབང་ལྔ་པའི་ཁང་རྙིང་། འཕྱོངས་རྒྱས་ནུ་མ། བོད་པའི་འབྱུང་གནས་ཐང་ཆེན། བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་མཛད་པའི་དཔང་བསྟོད་རྡོ་རིང་། བཙན་པོ་ཁྲི་ལྡེ་གཙུག་བརྩན་གྱི་བང་སོ། ཆད་ཀའི་རྡོ་སེངྒེ། ཕྱིང་བ་སྟག་རྩེ་གྱིམ་ཤིང་ཀོང་ཇོའི་གྱོན་གས་དུར་སྦས། བཙན་པོའི་བང་སོ་ཚོགས་སོགས་ལ་ཉམས་ཞིབ་གནང་བ་དང་ཐང་བོད་གནའ་ལམ་གྱི་ལོ་རྒྱུས་རྗེས་ཤུལ་དང་རིག་གནས་འབྲེལ་བ་ལ་ཡུལ་དངོས་རྟོག་དཔྱོད་གནང་།

    W020170818352578590117.jpg

    འདི་ནི་འཕྱོངས་རྒྱས་བཙན་པོའི་བང་སོ་ལས་གྱིམ་ཤིང་ཀོང་ཇོའི་གྱོན་གོས་དུར་སྦས་ཀྱི་རྗེས་ཤུལ་ཡིན།

    རྟོག་དཔྱོད་རུ་ཁག་གིས་རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་ཁང་རྙིང་གི་ལྡེབས་རིས་ལ་གཟིགས་མོ་གནང་ཞིང་རྒྱལ་དབང་ཉིད་ཆིང་གོང་མ་ཧྲུན་ཀྲི་ལ་མཇལ་འཕྲད་གནང་བའི་ལྡེབས་རིས་གཟིགས་སྐབས་འགོ་གཙོ་བང་ཀྲིན་ཀྲུང་གིས་གསུངས་དོན། ལྡེབས་རིས་འདིས་རྒྱལ་དབང་ལྔ་པ་ཆེན་མོ་པེ་ཅིང་དུ་ཕེབས་ནས་གོང་མར་ལོ་རྒྱུས་རང་བཞིན་ལྡན་པའི་མཇལ་འཕྲད་གནང་སྐབས་ཀྱི་རྣམ་པ་གསོན་ཉམས་ལྡན་པའི་སྒོ་ནས་བྲིས་ཡོད་ལ་བོད་ས་གནས་སྲིད་གཞུང་དང་ཀྲུང་དབྱང་སྲིད་གཞུང་བར་གྱི་ཁོངས་གཏོགས་འབྲེལ་བའི་བདེན་དཔང་གལ་ཆེན་ཡིན་པས་རྩ་ཤིན་ཏུ་ཆེ། འདི་ནི་ཐེངས་འདིའི་རྟོག་དཔྱོད་ཞིབ་འཇུག་ལ་ཕན་པ་ཧ་ཅང་ཆེའོ་ཞེས་གསུངས།

    རྟོག་དཔྱོད་རུ་ཁག་གིས་ད་དུང་འཕྱོངས་རྒྱས་མུ་རུ་མདོའི་ཁྲི་ལྡེ་གཙུག་བརྩན་གྱི་བང་སོ་དང་ཆད་ཀའི་རྡོ་སེངྒེ་ལ་ཉམས་ཞིབ་གནང་།

    W020170818352578603863.jpg

    འདི་ནི་རྟོག་དཔྱོད་རུ་ཁག་འཕྱོངས་རྒྱས་བཙན་པོའི་བང་སོ་ལས་ཁྲི་ལྡེ་གཙུག་བརྩན་གྱི་བང་སོའི་འགྲམ་ནས་མཉམ་པར་བསྐྱོན་པ་ཡིན།

    ཉམས་ཞིབ་ཀྱི་དུས་ཡུན་འདིར་རྟོག་དཔྱོད་རུ་ཁག་གིས་བཙན་པོ་ཁྲི་ལྡེ་གཙུག་བརྩན་གྱི་བང་སོའི་རྡོ་སེངྒེ་གཉིས་ལ་ཉམས་ཞིབ་གནང་ཞིང་། ཆེད་མཁས་པ་རྣམས་ཀྱིས་རྡོ་སེངྒེའི་བརྐོས་བཟོ་སྐོར་ལ་བགྲོ་གླེང་མཛད། རྟོག་དཔྱོད་རུ་ཁག་གི་ཁོངས་མིས་བསྟན་དོན།  རྡོ་སེངྒེའི་བརྐོས་བཟོ་རྣམ་པ་ནི་སྐབས་དེའི་ཐང་རྒྱལ་རབས་ཀྱི་ཆད་ཀའི་རྡོ་སེངྒེ་ལ་ཤིན་ཏུ་མཚུངས་ཤིང་ཐང་རྒྱལ་རབས་དང་བོད་བཙན་པོའི་དུས་སྐབས་ཀྱི་ལོ་རྒྱུས་རིག་གནས་བརྗེ་རེས་བྱས་པའི་རྣམ་པ་གསོན་ཉམས་ལྡན་པ་ཞིག་ཡིན་ལ་ཐང་བོད་གནའ་ལམ་འཛམ་གླིང་རིག་གནས་ཤུལ་བཞག་ཏུ་སྙན་ཞུ་བྱེད་པའི་དཔང་པོ་གལ་ཆེན་ཞིག་ཀྱང་ཡིན་ཞེས་གསུངས།

    W020170818352578626847.jpg

    འདི་ནི་རྟོག་དཔྱོད་རུ་ཁག་འཕྱོངས་རྒྱས་བཙན་པོའི་བང་སོ་ལས་ཁྲི་ལྡེ་སྲོང་བཙན་གྱི་མཛད་རྗེས་དཔང་བསྟོད་རྡོ་རིང་ལ་ཉམས་ཞིབ་གནང་བའི་ཚུལ་ཡིན།

    རྒྱུས་ལོན་བྱུང་བ་ལྟར་ན། ཐང་བོད་གནའ་ལམ་འཛམ་གླིང་རིག་གནས་ཤུལ་བཞག་ཁྲོད་དུ་སྙན་ཞུ་བྱེད་པའི་སྟ་གོན་ཉམས་ཞིབ་རྣམ་གྲངས་༢༠༡༦ལོའི་ཟླ་༨པའི་ཚེས་༨ཉིན་མགོ་བརྩམས་ཤིང་ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་གིས་རིག་གཞུང་མཛུབ་སྟོན་དང་། བོད་ལྗོངས་དང་། མཚོ་སྔོན། ཀན་སུའུ། ཧྲན་ཞི། སི་ཁྲོན་བཅས་ཞིང་ཆེན་ལྔའི་སྤྱི་ཚོགས་ཚན་རིག་གླིང་གིས་མཉམ་འབྲེལ་བྱས་ནས་བཏོན་པ་ཞིག་ཡིན།

    W020170818352578646207.jpg

    འདི་ནི་རྟོག་དཔྱོད་རུ་ཁག་གིས་འཕྱོངས་རྒྱས་བཙན་པོའི་བང་སོ་ལས་ཁྲི་སྲོང་ལྡེ་བཙན་གྱི་མཛད་རྗེས་དཔང་བསྟོད་རྡོ་རིང་ལ་ཉམས་ཞིབ་གནང་བའི་ཚུལ་ཡིན།

    W020170818352578650760.jpg

    འདི་ནི་༡༩༦༡ལོར་སྐབས་དང་པོའི་རྒྱལ་ཡོངས་གཙོ་གནད་རིག་དངོས་སྲུང་སྐྱོབ་སྡེ་ཚན་ཏེ་འཕྱོངས་རྒྱས་བཙན་པོའི་བང་སོ་ཚོགས་ཀྱི་ཟུར་གཅིག་ཡིན།

    བང་ཀྲིན་ཀྲུང་གིས་མཚམས་སྦྱོར་གནང་བ་ལྟར་ན་ཐང་བོད་གནའ་ལམ་ནི་ཀྲུང་གོའི་ལོ་རྒྱུས་ཐོག་གི་འགྲིམ་འགྲུལ་ལམ་ཐིག་གལ་ཆེན་ཞིག་ཡིན་ལ་ཐང་རྒྱལ་རབས་ཀྱི་རྒྱལ་ས་ཁྲང་ཨན་ནས་བོད་ཆེན་པོའི་རྒྱལ་ས་ལྷ་ས་བར་ཏེ་ལྗོངས་ཞིང་ལྔ་བརྒལ་བའི་རིང་ཚད་སྤྱི་ལེ་༣༠༠༠ལྷག་ཡོད། ཀྲུང་ཡོན་གྱི་རྒྱལ་རབས་དང་མཚོ་བོད་མཐོ་སྒང་དེ་མིན་ཡ་གླིང་ལྷོ་མར་བགྲོད་པའི་ལམ་ཁ་གཙོ་བོ་ཞིག་དང་གནའ་བོའི་ཀྲུང་ཡོན་ས་ཁུལ་དང་མཚོ་བོད་མཐོ་སྒང་དེ་མིན་ཡ་གླིང་ཤར་ལྷོར་ཆབ་སྲིད་བརྗེ་རེས་དང་། འགྲིམ་འགྲུལ་ཉོ་ཚོང་། རིག་གནས་ཁྱབ་སྤེལ་བཅས་བྱེད་པའི་ལམ་ཁ་གཙོ་བོ་ཞིག་ཀྱང་ཡིན། ལམ་ཐིག་འདིས་གནའ་བོའི་དར་གོས་ཚོང་ལམ་ལ་ཁ་གསབ་བྱས་ཡོད་པས་མེས་རྒྱལ་གྱི་མངའ་ཁོངས་ཆ་ཚང་དང་། མི་རིགས་མཐུན་སྒྲིལ། རྒྱལ་ཁབ་གཅིག་གྱུར། ཕྱི་ཕྱོགས་བརྗེ་རེས་སོགས་ལ་བྱེད་ནུས་གལ་ཆེན་ཐོན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།