[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>རིག་གནས་པར་མཛོད།
  • རིག་གནས་རྒྱུན་འཛིན་བྱས། དམངས་འཚོ་ལེགས་སུ་སོང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-12-13

    ལྷ་ས་གྲོང་ཁྱེར་གྱི་སྟག་རྩེ་རྫོང་གྲོང་ནུབ་ཕྱོགས་ཀྱི་སྤྱི་ལེ་གཅིག་གི་སར་ཡོད་པ་དང་འཆར་འགོད་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་6.01ཟིན་པའི་སྟག་རྩེ་བཟོ་ལས་གླིང་ནི་སྟག་རྩེ་རྫོང་གི་ཚོང་འགུགས་མ་འདྲེན་གྱི་གཞི་རྟེན་དང་ལས་སྟེགས་གཙོ་བོ་ཞིག་རེད། མི་རིགས་ཀྱི་ཉམས་འགྱུར་ཟབ་མོ་ལྡན་པའི་བཅའ་སྡོད་ཁེ་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་དང་བཟོ་གྲྭ་་སྟག་རྩེ་རྫོང་གི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་གསར་པ་ཞིག་ཏུ་གྱུར་ཡོད།


    460350_yis_1512886808304.jpg

     འདི་ནི་སྟག་རྩེ་རྫོང་བཟོ་ལས་གླིང་གསར་སྤེལ་ཁུལ་གྱི“གཡུ·སྨན་སྤོས་ཀྱི་རྟེན་གཞི”ཡི་ལས་དོན་མི་སྣས་སྤོས་སྐེམ་བཞིན་པའི་གནས་ཚུལ་ཡིན་པ།

    460349_yis_1512886806276.jpg

    ཐང་ག་བཞེངས་པའི་ལག་རྩལ་ལ་ལོ་རྒྱུས་ཡུན་རིང་ལྡན་པ་མ་ཟད། ད་དུང་བོད་ཀྱི་ཕུན་སུམ་ཚོགས་པའི་རིག་གནས་ཀྱང་འདུས་ཡོད། ཉེ་བའི་ལོ་ཤས་རིང་། ཐང་གར་དར་སོ་ཆེན་པོ་བྱེད་པ་དང་ཆབས་ཅིག ཁྲོམ་ར་དང་ཐོན་ལས་ཅན་གྱི་འཕེལ་རྒྱས་ལམ་བུར་ཕྱོགས་ནས་དཔལ་འབྱོར་གྱི་ཕན་འབྲས་ཆེན་པོ་ཐོན་ཡོད། འདི་ནི་བོད་ལྗོངས་ལྷ་མོ་ལྷ་འགྲོ་ཐང་ག་སྒྱུ་རྩལ་ཁང་གི་ལྷ་འབྲི་བས་ཐང་ག་བཞེངས་པའི་གནས་ཚུལ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།