[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བརྙན་མཐོང་།
  • ཞོ་སྟོན་ཉིན་དང་པོ་ནས་ནོར་བུ་གླིང་གར་ལྷ་མོའི་འཁྲབ་སྟོན་འགོ་ཚུགས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-08-28

    ཞོ་སྟོན་དང་ལོ་གསར་གཉིས་ནི་ལྷ་ས་ཁུལ་གྱི་དུས་སྟོན་རྒྱས་ཤོས་གཉིས་ཡིན་ལ།  ཞོ་སྟོན་ནི་ལོ་གསར་ལས་དེ་བས་འཁྲུག་ཆ་དོད་པ་གཏོང་གི་ཡོད།  སྤྱི་ཟླ་བརྒྱད་པ་ནི་ནམ་དུས་སྐྱིད་ཤོས་དང་། ལྷ་སའི་རྫོགས་ལྡན་དུས་ཀྱི་དུས་ཚིགས་ཤིག་ཀྱང་ཡིན། གྲོང་མི་ཚོས་ཞོ་སྟོན་རིང་ནོར་བུ་གླིང་གར་ལྷ་མོ་གཟིགས་པ་དང་། གླིང་ག་བཏང་བ་སོགས་དབྱར་སྐྱིད་ཀྱི་བྱེད་སྒོ་གྲ་རྒྱས་པོ་གནང་གི་ཡོད།དེ་རིང་བཀྲ་ཤིས་གཟའ་སྐར་བཟང་བའི་དུས་བཟང་འདིར།འདི་ལོའི་ཞོ་སྟོན་གྱི་བྱེད་སྒོ་ཆེ་ཁག་བཅུའི་ཡ་གྱལ་སྐབས་དུག་པའི་ལྷ་མོ་འཁྲབ་སྟོན་གྱི་ཆེད་དོན་བྱེད་སྒོ་དེ་ཡང་འགོ་ཚུགས་པ་རེད།

    ཞོ་སྟོན་ཉིན་དང་པོར་ནོར་བུ་གླིང་གར་སྙེ་མོ་དར་གྲོང་འབག་དཀར་ལྷ་མོ་ཚོགས་པས་གཟིགས་ཕུད་འཕུལ་བ་དང་།  དེ་ནས་ལྷོ་ཁ་གྲ་ནང་རལ་གྲི་སྒང་ལྷ་མོ་ཚོགས་པས་བོད་ཀྱི་ལྷ་མོའི་འཁྲབ་གཞུང་བརྒྱད་ཀྱི་ནང་གསེས་དྲི་མེད་ཀུན་ལྡན་འཁྲབ་སྟོན་བྱས་པ་རེད།

    ཉིན་དང་པོའི་ཉིན་འཁྱོངས་འཁྲབ་སྟོན་གནང་མཁན་ནི་ལྷོ་ཁ་གྲ་ནང་རལ་གྲི་སྒང་ལྷ་མོ་ཚོགས་པ་ཡིན་པ་དང་།ཚོགས་པ་འདིར་ལོ་ངོ་400ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཞིང་། དུས་འགྱུར་གྱི་རྐྱེན་པས་ལྷ་མོ་ཚོགས་པ་དེ་ལོ་ཁ་ཤས་མཚམས་འཇོག་བྱེད་དགོས་བྱུང་། 1996ལོར་སླར་གསོ་བྱུང་བས་ད་ཆ་འཁྲབ་སྟོན་པ་26ཡོད། བོད་ཀྱི་ལོ་གསར་དང་འོང་སྐོར་སྐབས་སུ་ལྷ་མོ་ཚོགས་པ་དེས་འཁྲབ་སྟོན་བྱས་པའི་ལྷ་མོར་གྲ་ནང་ཁུལ་གྱི་རྒྱ་ཆེའི་མང་ཚོགས་ཀྱི་དགའ་བསུ་དང་གདེང་འཇོག་ཆེན་པོ་ཐོབ་ཀྱི་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།