[ English ] [ 中文 ]
0891-6325020
དབུ་ཤོག>བོད་ཀྱི་རིག་གནས།>མི་སྣ།
  • ཕུགས་བསམ་ནམ་ཡང་སེམས་སུ་འཆང་བའི་པད་མ་ཚེ་རིང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-06-18

    2015ལོའི་ཟླ་8པར་པེ་ཅིང་ནས་ལོག་མ་ཐག་པའི་པད་མ་ཚེ་རིང་གིས་འཁྲབ་ཁྲིད་ཀྱི་འགན་འཁུར་བའི་མཚན་ཚོགས་དང་པོ་སྟེ། ཀྲུང་གོའི་བོད་ལྗོངས་ཡར་ཀླུང་རིག་གནས་དུས་ཆེན་གྱི་འགོ་ཚུགས་མཛད་སྒོ་རེད། དུས་དེ་ནས་བཟུང་། བོད་རིགས་ཀྱི་ཕོ་གཞོན་ཁོང་གིས་མཚན་ཚོགས་ཀྱི་འཁྲབ་ཁྲིད་པ་བྱེད་པའི་ཕུགས་བསམ་དོན་གཉེར་གྱི་ལམ་དུ་གོམ་མཚམས་གཏན་ནས་འཇོག་མྱོང་མེད། ཁོང་གིས་ལོ་ལྟར་ཉུང་མཐར་ཡང་བོད་ཀྱི་མཚན་ཚོགས་ཀྱི་ལེ་ཚན་གལ་ཆེན་འཁྲབ་ཁྲིད་བྱེད་འགན་འཁུར་གྱི་ཡོད་པས། ལས་རིགས་དེའི་ལོ་ན་གཞོན་ཤོས་ཀྱི་བོད་རིགས་འཁྲབ་ཁྲིད་པ་ཞིག་ཏུ་གྱུར་ཡོད།

    c71c95ff-d719-433b-ab7a-8a1828d84157.jpg.jpg

    གདམ་ག་མཐའ་དག་དམིགས་ཚད་དོན་གཉེར་བྱེད་པ་ཞིག་རེད་།

    པད་མ་ཚེ་རིང་གིས་སུ་འདྲ་ཞིག་ཀྱང་ནམ་ཡང་འགྱུར་མེད་ཅིག་མ་ཡིན་པར། ཚང་མར་འགྱུར་ལྡོག་འགྲོ་སྲིད། “ངས་འགྱུར་ལྡོག་དང་ལེན་བྱེད་ཐུབ། གང་ལགས་ཤེ་ན་འགྱུར་ལྡོག་ནི་དུས་རབས་ཀྱི་མཚོན་རྟགས་ཡག་ཤོས་ཤིག་རེད་སྙམ་གྱི་འདུག”ཅེས་བརྗོད།

    2001ལོར་པད་མ་ཚེ་རིང་གི་མི་ཚེར་འགྱུར་ལྡོག་དང་པོ་བྱུང་ཞིང་། ལེའོ་ཉིང་ཞིང་ཆེན་ཧྲེན་དབྱང་རོལ་དབྱངས་སློབ་གླིང་གི་ཞབས་བྲོའི་སློབ་གྲྭ་དང་རང་སྐྱོང་ལྗོངས་གླུ་གར་ཚོགས་པའི་ཞབས་བྲོའི་དགེ་རྒན་ཁོང་གི་ཕ་ཡུལ་གཞིས་རྩེར་ཞབས་བྲོའི་ན་གཞོན་རྒྱུན་འཛིན་པ་འདེམས་པར་སླེབས་ཡོད།

    གཞོན་ནུ་ལོ་ཆུང་མང་པོའི་ཁྲོད་ནས་ལོ་13ལ་སླེབས་པའི་པད་མ་ཚེ་རིང་སྟེས་དབང་གིས་དེར་བདམས་ཤིང་། དེ་ནི་པད་མ་ཚེ་རིང་གིས་ཞབས་བྲོ་འཁྲབ་ཐེངས་དང་པོ་དེ་རེད། དེ་ཡང་ཕ་མ་གཉིས་ཀྱིས་ཁོང་གི་མི་ཚེར་གདམ་ག་བྱེད་ཐེངས་དང་པོ་དེ་རེད།

    ཁོང་གིས“སྐབས་དེ་དུས་ཕ་མ་གཉིས་ཀྱིས་ང་རང་འགྲན་བསྡུར་ལ་ཞུགས་པར་གཏོང་དོན་ནི། གལ་སྲིད་བདམས་ཚེ་སློབ་གྲྭ་ཐོན་རྗེས་རང་སྐྱོང་ལྗོངས་ཟློས་གར་ཚོཌ་པར་ཐད་ཀར་ལས་ཀ་བྱ་ཆོག ཁོང་གཉིས་པོས‘ལྕགས་ཕོར’རག་པས་ཕྱིས་སུ་ལས་ཀར་སེམས་ཁྲལ་བྱེད་མི་དགོས་པས་རེད”ཅེས་འགྲེལ་བཤད་བརྒྱབ།

    2008ལོར་ལོ་20ལ་སླེབས་པའི་པད་མ་ཚེ་རིང་གིས་ཞབས་བྲོའི་སློབ་གྲྭ་ནས་སློབ་མཐར་ཕྱིན་རྗེས། ཕ་མའི་རེ་བ་ལྟར་རང་སྐྱོང་ལྗོངས་ཟློས་གར་ཚོགས་པའི་ཞབས་བྲོ་བ་ཞིག་བྱས།

    2010ལོར་པད་མ་ཚེ་རིང་གིས་མི་ཚེའི་གདམ་ག་གཉིས་པ་དེ་བྱས་ཤིང་། ཁོང་ཀྲུང་དབྱང་མི་རིགས་སློབ་ཆེན་ཞབས་བྲོ་སློབ་གླིང་གི་མི་རིགས་ཞབས་བྲོའི་ཆེད་ལས་སུ་རྒྱུགས་འཕྲོད། གདམ་ག་དེ་ལོ་10ཡི་གོང་གི་ཕ་མའི་བཀོད་སྒྲིག་ལྟར་མིན་པར་དེ་ནི་ཁོང་སོ་སོས་བདམས་པའི་མི་ཚེའི་གདམ་ག་ཞིག་རེད།

    དེས་ན་པད་མ་ཚེ་རིང་ལ་ལས་ཁུངས་ཀྱིས་མོས་མཐུན་མ་བྱས་པ་དང་ཕ་མས་བཀག་འགོག་བྱས་རུང་། མཐར་སློབ་ཆེན་དུ་སྐྱོད་པའི་སྤྲོ་སེམས་ལས་ཁོང་གིས་དཀའ་ངལ་མཐའ་དག་ཁྱད་དུ་བསད་དེ། མིང་ཐོ་འགོད་མཁན་སློབ་མ་སྟོང་ཕྲག་གི་ནང་ནས་སྦྱངས་འབྲས་ཨང་དང་པོ་བླངས་ཏེ། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་ཞབས་བྲོའི་སློབ་གླིང་དུ་རྒྱུགས་འཕྲོད།

    2014ལོའི་ཟླ་7པར་སློབ་གྲྭ་ཐོན་རྗེས། པད་མ་ཚེ་རིང་གིས་དུས་བཀག་ལྟར་ལས་ཁུངས་སུ་མ་ལོག་པར་ཞབས་བྲོ་བ་ཞིག་གི་མིང་ཐོག་ནས་ལོ་གཉིས་ཙམ་པེ་ཅིང་དུ་འཚོ་བ་བསྐྱལ་ནས་བསྡད།

    སྐབས་དེ་དུས་འཚོ་བའི་གྲོན་དངུལ་གསོག་ཆེད་པད་མ་ཚེ་རིང་གིས་རྩོམ་སྒྲིག་འཁྲབ་ཁྲིད་པ་ཞིག་གི་མིང་ཐོག་ནས་སློབ་གྲྭ་མང་པོར་བསྐྱོད་དེ་ཞབས་བྲོ་བསླབས་པ་དང་། ཞབས་བྲོ་འཁྲབ་མཁན་ཞིག་གི་ངོས་ནས་བློ་སེམས་གཅིག་མཐུན་མང་པོ་དང་མཉམ་དུ་སྤེལ་རེས་དང་གསར་རྩོམ་བྱས་པ་མ་ཟད། ས་ཆ་ཁག་ཏུ་འཁྲབ་སྟོན་ལ་བསྐྱོད།

    2014ལོར“ཀྲུང་གོའི་ཞབས་བྲོ་ཡག་ཤོས”ཀྱི་ལེ་ཚན་ལ་གཟེངས་སུ་ཐོན་པའི་མངོན་ཚུལ་ལས་པད་མ་ཚེ་རིང་སྐབས་ཤིག་རིང་སྐད་གྲགས་ཆོད་ཡོད། དེའི་རྐྱེན་གྱིས་པེ་ཅིང་དུ་འཚོ་བ་སྐྱེལ་བའི་དཀའ་ངལ་བསལ་བ་དང་། ཁོང་འཁྲབ་སྟོན་ལ་གདན་འདྲེན་ཞུ་མཁན་མང་བ་དང་ཡོང་འབབ་ཡག་པོ་ཡོད་ཁར། དམིཌ་བསལ་ཐུགས་ཁུར་ལས་པད་མ་ཚེ་རིང་གི་པེ་ཅིང་གི་འཚོ་བ་དེ་ཙམ་སྐྱོ་པོ་མེད།

    མྱོང་བ་མང་པོ་ཞིག་གིས་ཁོང་གི་འབྱུང་འགྱུར་གྱི་འཚར་ལོངས་ལ་མི་ཚེའི་ཉམས་མྱོང་མང་པོ་བསགས་ཡོད། པད་མ་ཚེ་རིང་གི་ངོས་ནས་བརྗོད་ན། ལོ་གཉིས་རིང་པེ་ཅིང་དུ་འཚོ་བ་སྐྱེལ་རིང་ཕན་པ་ཆེ་ཤོས་ནི་རང་ཉིད་ཀྱི་མི་ཚེའི་ཁ་ཕྱོགས་གནད་ལ་འཁེལ་པོས་འཚོལ་ཐུབ་པ་མ་ཟད། མི་ཚེའི་འབྱུང་འགྱུར་ལའང་དེ་བས་གསལ་བའི་ངོས་འཛིན་ཐུབ་ཡོད་པ་དེ་རེད།

    f9b0c9a6-7fe9-4a44-ac33-bf7d8b4d1362.jpg.jpg

    འདི་ནི་པད་མ་ཚེ་རིང་གིས་མཚན་ཚོགས་ལ་ལས་དོན་བཀོད་སྒྲིག་བྱེད་བཞིན་པ།

    འགྱུར་ལྡོག་མཐའ་དག་མི་ཚེའི་ཞུན་བརྡར་རེད་།

    ལོ་7གོང་པད་མ་ཚེ་རིང་གིས“ཀྲུང་གོའི་ཞབས་བྲོ་ཡག་ཤོས”ཀྱི《ཕ་ཡུལ་དང་བྲལ་བའི་མི》ལ་དེ་གར་ཡོད་པའི་ཞིབ་དཔྱད་ཨུ་ཡོན་དང་ལྟད་མོ་བ་ཚོའི་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོག ཁོང་གིས་བཤད་པའི‘ང་རང་ཞབས་བྲོར་ཧ་ཅང་དགའ་པོ་ཡོད’ཅེས་པའི་སྐད་ཆ་དེས་ད་བར་མི་རྣམས་ལ་བག་ཆཌ་ཟབ་མོ་བཞག་ཡོད།

    བོད་ལྗོངས་རྒྱལ་སྤྱིའི་ཡུལ་སྐོར་རིག་གནས་དངོས་མང་སྟོན་ཚོགས་སྐབས་བཞི་པའི་འགོ་ཚུགས་མཛད་སྒོ་དང་། བོད་རང་སྐྱོང་ལྗོངས་ཀྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་མཚན་ཚོགས། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་55འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་མཚན་ཚོགས། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་མཚན་ཚོགས་སོགས་ཚུད་པའི་བོད་ཀྱི་ལོ་རྒྱུས་ཚད་བརྒལ་དང་། ཟུར་ཚད་མཐོ་བ། གྲུབ་འབྲས་འགྲེམས་སྟོན་བཅས་ཀྱི་མཚན་ཚོགས་གལ་ཆེན་གྱི་འགན་ཁུར་རྗེས། པད་མ་ཚེ་རིང་གིས་རང་ཉིད་ཀྱི་མི་ཚེར་མྱོང་ཚོར་མང་པོ་བྱུང་ཡོད།

    2020ལོའི་ལོ་མཇུག་ཏུ། ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་ཁྲ་འདམ་ཤང་དུ་བཅའ་སྡོད་བྱེད་བཞིན་པའི་པད་མ་ཚེ་རིང་གིས། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་རིག་རྩལ་མཚན་ཚོགས་ཀྱི་སྤྱི་ཁྱབ་འཁྲབ་ཁྲིད་པ་དཔྱད་འདེམས་བྱེད་བཞིན་པའི་སྐོར་ཐོས་མ་ཐག རང་འགུལ་ངང་གོ་སྐབས་དེར་དམ་འཛིན་བྱས་ཏེ་ལྷ་སར་རེས་མོས་ངལ་གསོ་རྒྱག་པའི་ཟླ་ཕྱེད་ཀྱི་ཁོམ་པ་སྤྱད་ནས་འཁྲབ་གཞུང་གསར་རྩོམ་གྱི་ལས་ལ་ཞུགས་པས། མཐར་ཚང་མའི་རེ་བ་ཆུད་ཟོས་སུ་མ་ཕྱིན་པར་མཚན་ཚོགས་དེའི་སྤྱི་ཁྱབ་འཁྲབ་ཁྲིད་པ་བྱེད་པའི་གོ་སྐབས་ཐོབ་ཡོད།

    ཞབས་བྲོ་འཁྲབ་མཁན་ཞིག་ནས་འཁྲབ་ཁྲིད་པའི་བར། དང་ཐོག་པད་མ་ཚེ་རིང་གིས་མཚན་ཚོགས་ལ་འཁྲབ་སྟོན་པར་དོ་ཁུར་མང་པོ་བྱེད་ཀྱི་ཡོད། དེ་རྗེས་ཁོང་གིས་དེ་ནི་ནོར་འཁྲུལ་ཞིག་ཡིན་པ་རིམ་གྱིས་ཤེས། པད་མ་ཚེ་རིང་གིས་མཚན་ཚོགས་ཀྱི་སྤྱི་ཁྱབ་འཁྲབ་ཁྲིད་པ་ཞིག་བྱས་ཚེ་གནད་དོན་མང་པོ་ཞིག་རང་ཉིད་ཀྱིས་ཐག་གཅད་ཆོག་པའི་བསམ་བློ་འཁོར་གྱི་ཡོད། འོན་ཀྱང་ཕྱོགས་ཁག་དང་མཐུན་སྦྱོར་སྤེལ་རེས་བྱེད་པ་དེའང་ཚང་མ་རང་ཉིད་ཀྱིས་ཐག་གཅོད་དགོས་ཀྱི་ཡོད། མཚན་ཚོགས་ཤིག་ལ་འཁྲབ་ཁྲིད་བྱེད་རིམ་བཞིན། པད་མ་ཚེ་རིང་གིས་འཁྲབ་གཞུང་གསར་རྩོམ་དང་འཁྲབ་སྟོན་པ་གཏན་འཁེལ་བྱས་ཏེ། རོལ་དབྱངས་དང་། ཞབས་བྲོ། འཁྲབ་ཆས། གློག་འོད། མཛེས་འཆོས། གྱོན་གོས་བཅས་དང་དེ་བཞིན་རྒྱབ་ཕྱོགས་མཁོ་སྒྲུབ་སྡེ་ཚན་དང་རེ་རེ་བཞིན་འབྲེལ་མཐུད་བྱེད་པ་དང་ཚང་མ་དང་འབྲེལ་གཏུག་བྱེད་དགོས་ཀྱི་ཡོད།

    འབད་འཐབ་ནི་ཐོག་མའི་བསམ་འདུན་གྱི་མངོན་ཚུལ་ཞིག་རེད་།

    པད་མ་ཚེ་རིང་གིས་བྲེལ་བརྩོན་ཆེ་བའི་འཚོ་བའི་གོམ་སྟབས་ལ་སྔ་ས་ནས་གོམས་ཤིང་། བཅར་འདྲི་བྱེད་རིང་ཁོང་ལ་ཁ་པར་ཡང་ཡང་འབྱོར་ནས་དགོད་འཚེར་འཚེར་ངང་གསར་འགོད་པར“དགོང་པ་མ་ཚོམ། ངས་ཁ་པར་ཞིག་ལེན”ཞེས་བཤད་རྗེས་ནན་ཏན་ངང་ཁ་པར་ཉན་གྱི་ཡོད། ཁོང་ལ་འབྱོར་བའི་ཁ་པར་ཚང་མ་ཁོང་གིས་འབྲེལ་གཏུག་བྱེད་པའི་མཚན་ཚོགས་སམ་ཡང་ན་ལས་ཀ་དང་འབྲེལ་བ་ཡོད་པ་ཤེས་ཐུབ།

    ཁོང་གིས་འགན་ཐེངས་དང་པོ་འཁུར་བའི་མཚན་ཚོགས་ནི་ལྷོ་ཁ་གྲོང་ཁྱེར་གྱིས་ཁོང་འཁྲབ་ཁྲིད་ལ་གདན་དྲངས་པའི་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་སྐོར་གྱི་མཚན་ཚོགས་རེད། “མཚན་ཚོགས་འདི་ཡག་པོ་གཉེར་ཆེད་ཉིན་གཉིས་རིང་ངས་ཚོགས་པའི་མི་བཅུ་གྲངས་ཁྲིད་ནས་ཡུལ་སྨད་དུ་བཅར་འདྲི་བྱེད་པར་བསྐྱོད་པ་དང་། གཙོ་བོ་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གིས་སྲུང་སྐྱོང་བྱེད་པའི་ས་གཞིར་གསར་རྩོམ་མཁན་བསྐྱོད་དེ་འཚོ་བར་མྱོང་རོལ་དང་དེ་གའི་ཡུལ་སྲོལ་གོམས་གཤིས་ཉམས་སུ་མྱོང་དུ་འཇུག་ཆེད་ཡིན”ཞེས་བརྗོད།

    ལོ་ན་ཆེ་རུ་ཕྱིན་རུང་པད་མ་ཚེ་རིང་གིས་སྔར་བཞིན་ཞབས་བྲོའི་སྒྱུ་རྩལ་དང་ཞབས་བྲོར་དགའ་ཞེན་བྱེད་ཅིང་། དེ་ལྟར་ཡིན་རུང་མི་ཞིག་གི་མི་ཚེའི་ལོ་ཚད་མི་འདྲ་བའི་ནང་རང་ཉིད་ལ་དམིགས་བསལ་གྱི་ལས་འགན་ཡོད། དེས་ན་ཁོང་གིས་རང་ཉིད་ཀྱི་གདམ་ག་ཚང་མར་བློས་གཏོང་ཆེན་པོ་བྱས་ཡོད།

    ལོ་13ནས་ལོ་27བར་པད་མ་ཚེ་རིང་གིས་ཞབས་བྲོའི་འཁྲབ་སྟོན་ཡག་པོ་བྱེད་ཆེད་འབད་བརྩོན་ལྷོད་མེད་བྱས་པས། མཐར་ཁོང་གི་དམིགས་ཡུལ་ལེགས་གྲུབ་བྱུང་ཡོད། ཁོང་གིས“རྒྱལ་ཡོངས་ཀྱི་ཞབས་བྲོའི་བྱ་དགའ་སྤྱིར་ན་ཚང་མ་རག་བྱུང་བས། ང་མི་སྒེར་གྱི་ངོས་ནས་བརྗོད་ན་དངོས་འབྲེལ་བློ་ཡིད་ཚིམ་པོ་འདུག”ཅེས་སྤོབས་སེམས་ཆེན་པོས་བརྗོད།

    ལོ་27ནས་ད་བར་པད་མ་ཚེ་རིང་གི་འཚོ་བའི་གོམ་སྟབས་ཀྱང་མཚན་ཚོགས་ཀྱི་འཁྲབ་ཁྲིད་པའི་ཕུགས་བསམ་ནས་རིམ་གྱིས་མགྱོགས་སུ་ཕྱིན་ཞིང་། དེ་ནི་ཁོང་སོ་སོས་བདམས་པའི་མི་ཚེའི་གདམ་ག་ཞིག་རེད། ཁོང་གིས“མིག་སྔའི་བར་མཚན་ཚོགས་ཀྱི་འཁྲབ་ཁྲིད་པ་ཡག་པོ་ཞིག་བྱེད་པར་ངས་འབད་བརྩོན་ཧུར་ཐག་བྱས་པ་ཡིན། ལེགས་གྲུབ་ཡོང་མིན་ངས་ཐག་བཅད་ནས་བྱུང་བ་ཞིག་མིན”ཞེས་བརྗོད།

    ལོ་4ཡི་གོང་པད་མ་ཚེ་རིང་གིས་ལྷ་སའི་ཚེ་མཆོག་གླིང་རིག་གནས་གསར་གཏོད་རྟེན་གཞིར་མིང་ལ་སྒྱུ་རྩལ་ཕུགས་འདུན་བར་མཐོངས་ཞེས་པའི་སྨི་ངོས་གྲུ་ཆིག་སྟོང་ཟིན་པའི་འགྲེམས་ཁང་ཞིག་བཙུགས། དེ་གར་ཁོང་གིས་སྒྱུ་རྩལ་གྱི་ཕུགས་བསམ་ལྡན་རུང་ལས་སྟེགས་མེད་པའི་བོད་ཀྱི་གཞོན་ནུར་རིན་མེད་ངང་ཆ་རྐྱེན་བསྐྲུན་ནས་ཁོ་ཚོར་རང་ཉིད་ཀྱི་སྒྱུ་རྩལ་ཐད་ཀྱི་འཇོན་ཐང་ངོམ་དུ་འཇུག་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། “བོད་དུ་གཞོན་ནུ་ཚོས་ཕུགས་བསམ་དོན་གཉེར་དང་མངོན་འགྱུར་བྱེད་པའི་ལས་སྟེགས་མང་པོ་མེད་པས། ངས་སྒྱུ་རྩལ་ཕུགས་འདུན་བར་མཐོངས་བརྒྱུད་གཞོན་ནུ་དེ་བས་མང་བར་རི་མོའི་འགྲེམས་སྟོན་དང་སྒེར་གྱི་ཆེད་དོན་ཞབས་བྲོ་འཁྲབ་པའི་རོགས་རམ་བྱེད་འདོད་ཡོད”ཅེས་བརྗོད།

    28d744c7-2b56-4350-86c4-1025ce3ec3a1.jpg.jpg

    འདི་ནི་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་མཚན་ཚོགས་ཀྱི་འཁྲབ་ཁྲིད་པ་གཙོ་བོ་དང་དེ་བཞིན་འབྲེལ་ཡོད་མི་སྣའི་མཉམ་པར་ཡིན་པ།

    (སྐལ་བཟང་སྒྲོལ་དཀར་དང་ཚེ་བརྟན་གཡུ་སྒྲོན་གྱིས་བསྒྱུར)

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།