[ English ] [ 中文 ]
0891-6325020
དབུ་ཤོག>བོད་ཀྱི་རིག་གནས།>མི་སྣ།
  • བགྲེས་སོང་རྒྱལ་མཚན་དང་རྒྱལ་དར་དབར་གྱི་ལས་དབང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2020-01-19

    ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་ཟླ་ཐང་ཤང་སིང་ཐང་གྲོང་ཚོ་ན་ལ་གངས་རིའི་རི་གཤམ་དུ་གནས་པ་དང་སྔོ་ཞིང་དྭངས་བའི་ནམ་མཁའི་འོག་དུད་ཚང་ཚང་མའི་ཁང་སྟེང་དུ་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བཞིན་ཡོད། དེའི་ཁྲོད་དུད་ཚང་གཅིག་གི་ཁང་སྟེང་དུ་རྒྱལ་དར་དྲུག་བཀལ་ཡོད་པས་གསར་འགོད་པས་རྒྱུ་མཚན་གང་ཞིག་ཡིན་མིན་ཤེས་པར་འདོད་ནས་སྐད་ཆ་དྲིས་པས་དེ་ནི་ཉེ་རིང་གང་སར་སྐད་གྲགས་ཆོད་པའི“རྒྱལ་དར་བགྲེས་སོང”རྒྱལ་མཚན་གྱི་ཁྱིམ་ཡིན་པ་ཤེས།

    བགྲེས་སོང་རྒྱལ་མཚན་ཐོག་མར་གསར་འགོད་པ་དང་འཕྲད་སྐབས་མིག་ཤེལ་ནག་པོ་ཞིག་བརྒྱབ་པ་དང་སྐད་ཅུང་ཟད་འཛེར་བ་ཞིག་འདུག ཁོང་ལ་རྒྱལ་དར་དྲུག་འགེལ་དོན་གང་ཞིག་ཡིན་མིན་སྐད་ཆ་འདྲི་སྐབས་སིང་ཐང་གྲོང་ཚོའི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སྒྲོག་འགྲེལ་པ་ཞིག་ཡིན་པའི་བགྲེས་སོང་རྒྱལ་མཚན་གྱིས་སེམས་འགུལ་ཚད་མེད་ཐེབས་པའི་ངང“ངས་ཏང་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན”ཞེས་བཤད།

    གུང་ཁྲན་ཏང་གིས་ངར་ཚེ་སྲོག་གསར་པ་སྦྱིན་བྱུང་།

    འདི་ལོ་ལོ་92ལ་སླེབས་པའི་རྒྱལ་མཚན་བོད་ཞི་བས་བཅིངས་འགྲོལ་མ་བཏང་གོང་ནང་མི་8པོ་གུར་ཞིག་གི་ནང་དུ་སྡོད་ཀྱི་ཡོད། ཁོང་ཚོ་ཉིན་ལྟར་ལྟོ་ཆས་རྒྱགས་པ་ཞིག་ཟ་རྒྱུ་མེད་ལ་ངོ་སོ་ཐོན་པའི་གྱོན་གོས་གཅིག་ཀྱང་མེད་པ་རེད། སྐབས་དེ་དུས་ཁྱིམ་ཚང་ནང་རྩ་ཆེ་ཤོས་ནི་ཤིང་སྒམ་གོག་ཧྲུལ་ཞིག་ཡོད་པ་དེ་རེད། དེའི་ནང་ཡོས་ཏོག་ཙམ་ཡོད་པས་རེད། ཨ་མས་ཉིན་ལྟར་དེའི་ནང་ནས་ཡོས་ཕོར་པ་ཆུང་ཆུང་རེ་བཏོན་ཏེ་སྒོ་ལྕགས་རྒྱག་གི་ཡོད། ནང་མི་ཚང་མའི་འཚོ་བ་ཡོས་ཕོར་པ་ཆུང་ཆུང་དེས་འགྲིག་པ་བྱེད་ཀྱི་ཡོད། “ལྟོཌ་ཐག་ཆོད་པའི་དབང་གིས་སྐབས་དེ་དུས་ལྟོ་གྲོད་པ་རྒྱགས་པ་ཞིག་སྟེར་མཁན་བྱུང་ན་དེ་ནི་ངའི་དྲིན་ཅན་ཡིན་སྙམ་གྱི་ཡོད”བགྲེས་སོང་རྒྱལ་མཚན་གྱིས“རྗེས་སུ་ཁྲལ་འཇལ་མ་ཐུབ་པའི་དབང་གིས་གུར་དེ་ས་བདག་གིས་ཕྲོགས་སོང་། ང་ཚོས་རྡོ་བསྒྲུགས་ནས་ཁང་པ་གོག་ཧྲུལ་ཞིག་བརྒྱབ་སྟེ་ནང་མི་ཚང་མ་དེར་འཚང་ག་བརྒྱབ་ནས་སྡོད་ཀྱི་ཡོད”ཅེས་སྐབས་དེ་དུས་ཀྱི་འཚོ་བར་དྲན་གསོ་བྱེད་བཞིན་མིག་མཆི་མས་བརླན་བཞིན་བཤད།

    1959ལོར་དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་འཚོ་བ་དེ་ལྟར་བསྐྱལ་ནས་བསྡད། “གུང་ཁྲན་ཏང་ལ་ཐུགས་རྗེ་ཆེ་ཞུ”ཞེས་བགྲེས་སོང་རྒྱལ་མཚན་གྱིས་ཡང་ནས་ཡང་དུ་བརྗོད། “གུང་ཁྲན་ཏང་སླེབས་རྗེས་ང་ཚོར་ས་ཞིང་དང་ནོར་ལུག་ཡོད་པས་མི་གཞན་གྱི་ངོ་ལ་བལྟས་ནས་འཚོ་བ་སྐྱེལ་མི་དགོས་པ་བྱུང་སྟེ་དངོས་འབྲེལ་ཡར་ལངས་བཅིངས་འགྲོལ་ཐོབ་བྱུང་། གུང་ཁྲན་ཏང་སླེབས་པ་ནས་བཀྲེས་ལྟོགས་ཀྱི་གནས་ལས་ཐར་ཏེ་རང་ཁྱིམ་རང་བདག་བྱུང”ཞེས་བགྲེས་སོང་གིས་ཞིབ་ཅིང་གསལ་བར་བརྗོད།

    ཐོག་ཁར་རྒྱལ་དར་དྲུག་ལྷབ་ལྷུབ་ཏུ་གཡོ་བ།

    དམངས་གཙོའི་བཅོས་སྒྱུར་བྱས་རྗེས་དང་ལྷག་པར་དུ་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་རྒྱལ་མཚན་ནང་མི་ཚོའི་འཚོ་བ་དེ་བས་གྲ་རྒྱས་སུ་ཕྱིན་ཡོད།

    “འཚོ་བ་ཇེ་ལེགས་སུ་འགྲོ་བ་ལས་སེམས་ལ་ངར་ཤུགས་འཕེལ་ཏེ། ཏང་དང་རྒྱལ་ཁབ་ལ་ཐུགས་རྗེ་ཆེ་ཞུ”

    “སྐབས་དེ་དུས་ཀྱི་བསམ་བློ་ཧ་ཅང་སྟབས་བདེ་པོ་རེད། རྒྱལ་དར་ནི་རྒྱལ་ཁབ་ཀྱི་མཚོན་བྱེད་རེད། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་རླབས་ཆེན་མེས་རྒྱལ་བསྐྲུན་པས་ང་ཚོས་ཏང་གི་བཀའ་དྲིན་ཐོག་མཐའ་བར་གསུམ་དུ་ཚོར་བཞིན་ཡོད། རྒྱལ་དར་འགེལ་བ་ནི་ཏང་གི་བཀའ་དྲིན་དྲན་པས་རེད”ཅེས་བགྲེས་སོང་རྒྱལ་མཚན་གྱིས་བརྩེ་སེམས་ཟབ་མོས་བཤད། བགྲེས་སོང་གིས་དྲན་གསོ་བྱས་པར་གཞིགས་ན། ཁོང་གིས་རྒྱལ་དར་བཀལ་ནས་ད་བར་ལོ་30ལྷག་ཙམ་སོང་ཡོད་པ་རེད།

    གསར་འགོད་པས་བགྲེས་སོང་རྒྱལ་མཚན་ལ་ཐོག་ཁར་རྒྱལ་དར་དྲུག་འགེལ་དོན་དྲིས་པས། ཁོང་གིས་འབྲི་རུ་རྫོང་ནི། ཁ་འཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འཐབ་ས་མདུན་མར་གནས་ཡོད་པས་དང་ཐོག་རྒྱལ་དར་འགེལ་བདེ་པོ་དེ་ཙམ་མ་བྱུང་ཞེས་བཤད།

    “དང་ཐོག་ངས་ཐོག་ཁར་བཀལ་བའི་རྒྱལ་དར་མིས་རྐུ་ཡི་འདུག”མ་གཞི་དུས་ཡུན་རིང་པོ་སོང་རུང་། བགྲེས་སོང་ཁོང་གིས་ད་དུང་ཡང་ཁོང་ཁྲོ་ཆེན་པོ་བྱེད།

    “ངས་ངེས་པར་དུ་རྒྱལ་དར་མཐོན་པོར་བཀལ་ཏེ་མི་ཚང་མས་ཏང་གི་བཀའ་དྲིན་ལ་ཐུགས་རྗེ་ཆེ་ཞུ་རུ་འཇུག་གི་ཡོད། སྐབས་དེ་དུས་མི་གཞན་གྱིས་གཅིག་བརྐུས་ཚེ་ངས་གཉིས་འགེལ་བ་སོགས་ཁོ་ཚོས་བརྐུས་པ་ལས་མང་བ་བཀལ་ནས་ཁོ་ཚོར་མགོ་གཏན་ནས་བསྒུར་མེད”དེ་ནས་བཟུང་རྒྱལ་དར་བགྲེས་སོང་རྒྱལ་མཚན་གྱི་ཐོག་ཁར་ལྷབ་ལྷུབ་ཏུ་གཡོ་བཞིན་ཡོད་པ་དང་རྒྱལ་དར་གཅིག་ནས་དྲུག་བར་མང་དུ་སོང་བ་ལས་ཁོང་ཉེ་རིང་གང་སར་སྐད་གྲགས་ཆོད་པའི“རྒྱལ་དར་བགྲེས་སོང”ལ་གྱུར།

    “ཏང་གི་བཀའ་དྲིན་ནམ་ཡང་གཞན་གྱིས་ཤེས་པ་བྱེད་ཀྱི་ཡིན”

    “ཏང་ནི་ཨ་མ་དང་ང་ཚོ་ནི་ཕྲུ་གུ་རེད། ཨ་མ་མེད་ཚེ་ང་ཚོའི་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡོང་ཐབས་བྲལ”ཞེས་བགྲེས་སོང་རྒྱལ་མཚན་གྱིས་རྟག་ཏུ་བརྗོད་ཀྱི་ཡོད། བགྲེས་སོང་གིས་རང་ཉིད་ཀྱི་ཕ་ཡུལ་ལ་བྱུང་བའི་གནམ་ས་བླ་འོག་འགྱུར་བ་ལྟ་བུའི་འགྱུར་ལྡོག་གི་དཔང་པོ་བྱེད་ཐུབ་ཅེས་བརྗོད་ཀྱི་ཡོད། ཉེ་བའི་ལོ་ཤས་ནང་ཕ་ཡུལ་དུ་ཆུ་དང་གློག་ཤར་གཏོང་ཐུབ་པ་དང་། སྣུམ་ནག་ལམ་ཡོད་པ། གྲོང་མིའི་ཡོང་འབབ་བརྟན་པ་བཅས་ཡོད་པ་དེ་དག་ཚང་མ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་བཀའ་དྲིན་ཡིན་པས་ཐུགས་རྗེ་ཆེ་ཞུ།

    ལྷག་པར་དུ་ཉེ་བའི་ལོ་ཤས་ནང་གྲོང་ཚོ་ཚང་མའི་རྣམ་པར་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡོད། “རྒྱལ་ཁབ་ཀྱིས་གཟིགས་སྐྱོང་སྲིད་ཇུས་ཧ་ཅང་མང་པོ་བཏོན་ཡོད་པས་དེ་དག་གི་ཁ་ཡོད་ལག་ཡོད་ཀྱི་ཕན་པ་མི་ཚང་མས་མིག་མཐོང་ལག་ཟིན་ཐུབ། ད་ཆ་གྲོང་མི་ཚོའི་འཚོ་བ་ཕྱུག་ཏུ་ཕྱིན་པ་དང་ཚང་མར་གཙང་ལ་སྐྱིད་སྣང་དོད་པའི་སྡོད་ཁང་ཡོད་པས་མི་སུ་ཞིག་ཀྱང་ལྟོས་གྲོད་པ་མི་རྒྱགས་པ་དང་གོས་ཀྱིས་མི་དྲོས་པ་མེད། གྲོང་ཚོ་གཙང་ལ་གྲལ་འགྲིག་པ་དང་གྲོང་པ་ཁྱིམ་མཚེས་དབར་ཕན་ཚུན་རོགས་རམ་ཆེ་བ་སོགས་ཡོད”ཅེས་བགྲེས་སོང་གིས་རང་ཉིད་ཉེ་འགྲམ་གྱི་གནས་ཚུལ་དཔེར་བཀོད་དེ་བརྗོད་པས་ཚང་མས་སེམས་གཏིང་ནས་ཏང་ལ་བརྩི་བཀུར་བྱེད་པ་དང་ད་ཆ་དུད་ཚང་ཚང་མས་རྒྱལ་དར་འགེལ་གྱི་ཡོད།

    འབྲུག་ལྷས་བགྲེས་སོང་རྒྱལ་མཚན་ལ་ད་ཆ་ན་བགྲེས་རྒན་རྒོན་གྱི་འབྲེལ་ཡོད་སྲིད་ཇུས་ཁ་གསབ་ཡོད་པ་དང་ནད་ལྟ་བར་སྨན་རིན་སྤྲོད་དགོས་ཀྱི་མེད་ཅེས་བཤད། བགྲེས་སོང་གིས་གད་མོ་དགོད་བཞིན་དུས་རབས་གསར་པར་ཐུགས་རྗེ་ཆེ་ཞུ། ཏང་ལ་ཐུགས་རྗེ་ཆེ་ཞུ་ཞེས་ཡང་ཡང་བརྗོད།

    བཅར་འདྲི་བྱེད་རིང་བགྲེས་སོང་གིས་ད་ལྟ་རང་ཉིད་ལོ་ན་མཐོ་བས་ཐག་རིང་དུ་སྐྱོད་མི་ཐུབ། ད་ཆ་སྐད་ཆ་ཤོད་ཐུབ་པའི་སྐབས་སུ་ན་གཞོན་ཚོར་བོད་གསར་རྙིང་གི་སྡུར་བ་མང་ཙམ་རྗོད་ཀྱི་ཡིན། ན་གཞོན་ཚོ་བོད་རྙིང་པ་བརྒྱུད་མྱོང་མེད་པས་ད་ཆའི་དུས་རབས་གསར་པ་ནི་ཇི་ལྟ་བུའི་སྐྱིད་པོ་ཞིག་ཡིན་པ་ཚོར་གྱི་མེད། ཁོ་ཚོར་མང་ཙམ་བརྗོད་དེ་ཁོ་ཚོ་ཆུང་དུས་ནས་བཀའ་དྲིན་ཚོར་མཁན་ཞིག་ཏུ་འགྱུར་བར་བྱ་རྒྱུ་ཡིན་ཞེས་བརྗོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།