[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>མི་སྣ།
  • རང་ཉིད་འབྱུང་འགྱུར་ཡག་ཉེས་ཇི་འདྲ་ཡོང་མིན་རང་ཉིད་ལ་རག་ལས་པ།

    —— བློ་བཟང་བསྟན་པས་རང་བརྟེན་ལས་འདེམས་བྱས་པའི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-15

    2017ལོའི་ཟླ་11པར། ཧོ་ནན་གྱི་གྲོང་ཁྱེར་འཛུགས་སྐྲུན་སློབ་གླིང་གི་ཡུལ་སྐོར་དོ་དམ་ཆེད་ལས་ནས་སློབ་མཐར་ཕྱིན་པའི་བློ་བཟང་བསྟན་པས་རང་བརྟེན་ལས་འདེམས་བྱས་ཏེ་ཀྲུང་གོའི་སྲོག་རྟེན་འགན་བཅོལ་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སིར་ཞུགས་པ་རེད།

    གླ་ཕོགས་དང་ཐོག་ཟླ་རེར་སྒོར་3700ནས་ད་ཆ་སྒོར་ཁྲི་ཡན་བར་ལེན་རྒྱུ་བྱུང་བའི་བློ་བཟང་བསྟན་པ་ནི་དཀའ་ངལ་དང་བར་ཆད་སྣ་ཚོགས་ཁྲོད་རིམ་བཞིན་འཚར་ལོངས་བྱུང་བ་ཞིག་རེད། ཀུང་སིའི་གནས་མཆོག་ཕོ་ཉ་ཚོགས་པའི་ཚན་པའི་སྤྱི་གཉེར་བ་སྤེན་པ་དབྱངས་ཅན་གྱིས “ང་ཚོའི་ཚོགས་པར་མིག་སྔར་ལས་མི་280ཡོད། དེའི་ནང་ནས་80%ནི་མཐོ་སློབ་སློབ་ཐོན་སློབ་མ་ཡིན། བློ་བཟང་བསྟན་པ་ནི་དེའི་ཁྲོད་ཀྱི་ཕུལ་དུ་བྱུང་བའི་ཚོགས་མི་ཞིག་ཡིན”ཞེས་ཁོ་བོར་བསྟོད་བསྔགས་ཡང་ཡང་གཏོང་གི་ཡོད།

    “སྐབས་དེ་དུས་གལ་སྲིད་ལས་ཀ་འདི་མ་བདམས་པར། ཨ་མའི་རེ་བ་བཞིན་གཞུང་ལས་པའི་ཡིག་རྒྱུགས་བཏང་ཡོད་ན། ད་ཆའི་འཛུམ་མདངས་འདི་འདྲ་འཕྱུར་ག་ལ་སྲིད། རང་ཉིད་གཞུང་ལས་པའི་ལས་ཀར་དགའ་པོ་དེ་ཙམ་མེད”བློ་བཟང་བསྟན་པས་ངེས་པར་དུ་རང་ཉིད་ཀྱིས་དགའ་བའི་ལས་ཀ་ཞིག་བྱེད་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད།

    “ད་ཆ་རང་ཉིད་ཁྱིམ་གྱི“འཆར་འགོད་མཁས་ཅན”ཞིག་ཏུ་གྱུར་ཡོད། ཁྱིམ་དུ་སློབ་ཆེན་ཐོན་པའི་སློབ་མ་ཡོད་ཕྱིན། ངར་ལས་ཞུགས་ཐད་ཀྱི་ཆ་འཕྲིན་བློ་འདྲི་བྱེད་པ་ཡོང་གི་འདུག”ཅེས་བློ་བཟང་བསྟན་པས་ཁྱིམ་མིའི་ལས་ཞུགས་ཀྱི་ལྟ་བར་འགྱུར་ལྡོག་ཕྱིན་པའི་གནས་ཚུལ་གད་མོ་དགོད་བཞིན་དུ་གླེང་། “དེ་སྔོན་ཁྱིམ་མིས་ཕྲུ་གུར་སློབ་སྦྱོང་ཡག་པོ་གྱིས། དེ་འདྲ་མ་བྱས་ཚེ། གཞུང་ལས་པར་རྒྱུགས་འཕྲོད་ཀྱི་མ་རེད་ཅེས་སློབ་གསོ་གཏོང་གི་ཡོད། ད་ཆ་དེ་འདྲ་མིན་ཞིང་། དང་ཐོག་ང་དཔེ་རུ་བཞག་ནས་ངས་བདམས་པ་དེ་ཡང་དག་ཅིག་ཡིན་པ་ར་སྤྲོད་ཀྱིས་ཁོང་ཚོར་ཁྲོམ་རའི་ལས་ཞུགས་ཀྱི་མདུན་ལམ་ཆེན་པོ་མཐོང་ཐབས་བྱས་པའི་ཁར། ངས་ཀྱང་རྒྱུན་དུ་ཁོང་ཚོར་ད་ཆའི་སྤྱི་ཚོགས་ཀྱི་ལས་ཞུགས་གནས་ཚུལ་དབྱེ་ཞིབ་བྱ་རྒྱུའི་ཁྲིད་སྟོན་བྱས་པ་ལས། ཁོང་ཚོའི་ལས་ཞུགས་ཀྱི་ལྟ་བར་རིམ་བཞིན་འགྱུར་ལྡོག་ཕྱིན། དེས་ན་ད་ཆ་ངའི་སྤུན་མཆེད་ཚང་མས་རང་ཁྱིམ་གྱི་ཕྲུ་གུ་སློབ་ཆེན་ཐོན་རྗེས་གཞུང་ལས་པ་ཕུད་པའི་ལས་ཞུགས་གདམ་ག་བྱ་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡོད”

    “ཕ་མའི་ཐོག་མའི་བསམ་འདུན་ཚང་མ་ཡག་པོ་ཡིན། ཕྲུ་གུར་བསམ་བློ་མི་གཏོང་མཁན་ཕ་མ་གཅིག་ཀྱང་མེད” “འོན་ཀྱང་ཁོང་ཚོས་ང་ཚོའི་བསམ་ཚུལ་ལ་བསམ་ཤེས་ཡོངས་སུ་ཐུབ་པའི་ངེས་པ་མེད། དེའི་ཁར་ད་ཆའི་ལས་ཞུགས་ཀྱི་དུས་བབ་ལ་དེ་ཙམ་རྒྱུས་མངའ་མེད་པས། ང་ཚོས་ཀྱང་སློབ་གསོ་ནན་གྱིས་རྒྱག་དགོས་ཀྱི་འདུག གང་ལྟར་རང་ཉིད་འབྱུང་འགྱུར་ཡག་ཉེས་ཇི་འདྲ་ཡོང་མིན་རང་ཉིད་ལ་རག་ལས་ཡོད”ཅེས་བློ་བཟང་བསྟན་པས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།