[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>མི་སྣ།
  • སྤེན་པ་ཚེ་རིང་གིས།

    སྙིང་རུས་ཅན་གྱིས་རྡོ་ལ་ཨི་ཁུང་འབིགས་ཐུབ་ཅེས་བཤད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-06

    ད་ཆ་ལྷ་ས་གྲོང་ཁྱེར་གང་སར་ཀུན་གྱིས་གསར་གཏོད་བྱེད་པའི་ཚ་རླབས་དྲག་པོ་འཕྱུར་བཞིན་ཡོད། འདི་ལོ་ལོ་27ལ་སླེབས་པའི་སྤེན་པ་ཚེ་རིང་གིས་དུས་རབས་ཀྱི་རྗེས་སུ་དམ་པོར་བསྙེགས་ཏེ་ལས་གཏོད་ཀྱི་ལམ་བུར་བསྐྱོད། ཁོང་གིས་བཙུགས་པའི་དམངས་བཙུགས་སློབ་གྲྭ་གང་སར་སྐད་གྲགས་ཆོད་ཡོད་པ་རེད།

    སྤེན་པ་ཚེ་རིང་གཞིས་རྩེ་གྲོང་ཁྱེར་གཉའ་ལམ་རྫོང་ཡར་སླེབས་ཤང་སྔོ་རྭ་གྲོང་ཚོ་ནས་ཡིན་པ་དང་། ལོ་16ལ་རེ་བ་དང་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་ལྷ་སར་སླེབས། ལོ་མང་དཀའ་བ་སྤྱད་པ་ལས་དེང་གི་དམངས་བཙུགས་སློབ་གྲྭ“བྱང་ཆུབ་སློབ་གསོ”བཙུགས་པ་དང་ད་ལྟ་སློབ་གྲྭའི་སློབ་སྤྱི་ཡིན་པ་རེད།

    2008ལོར་སློབ་འབྲིང་ཐོན་རྗེས་སྤེན་པ་ཚེ་རིང་ལྷ་སར་ཡོང་ནས་བོད་ལྗོངས་དཔལ་བརྩེགས་བོད་ཡིག་གནའ་དཔེ་ཞིབ་འཇུག་ལྟེ་གནས་སུ་སློབ་གཉེར་ཐེངས་གཉིས་པ་བྱེད་འགོ་ཚུགས། དེའི་རིང་བོད་ཡིག་གི་ཞུས་དག་ལས་ལ་གཞོལ་བ་མ་ཟད་བོད་ཡིག་དང་། རྒྱ་ཡིག དབྱིན་ཡིག་བཅས་སྐད་རིགས་གསུམ་སློབ་སྦྱོང་ཧུར་ཐག་བྱས། 2009ལོ་ནས་བཟུང་ཐང་ག་སྦྱོང་འགོ་ཚུགས་པ་དང་། 2014ལོར་དར་མའི་མཐོ་རྒྱུགས་ལ་ཞུགས་ནས་སྦྱངས་འབྲས་ཕུལ་བྱུང་ཐོབ་ནས་བོད་ལྗོངས་སློབ་ཆེན་གྱི་རྩིས་རྒྱག་བཀོལ་སྤྱོད་ཆེད་ལས་སུ་རྒྱུགས་འཕྲོད། དུས་ཀྱི་ཁོམ་པ་བྱུང་རིམ་བཞིན་ཐང་ག་སྦྱོང་བ་དང་དབྱིན་ཡིག་དང་བོད་རྒྱ་སྐད་རིགས་ཀྱི་སློབ་གསོའི་ལས་ལ་ཞུགས།2015ལོ་ནས་བཟུང“བྱང་ཆུབ་སློབ་གསོ”གཉེར་འགོ་བཙུགས། སློབ་གྲྭ་ཐོག་མར་འཛུགས་སྐབས་གྱོང་གུན་ཕོག་པའི་གནས་སུ་གྱར་བ་དང་། མ་དངུལ་གྲབས་གསོག་དང་དགེ་རྒན་གདན་དྲངས་པ་སོགས་ལ་དཀའ་ངལ་མང་པོ་འཕྲད། 2017ལོར་སྤེན་པ་ཚེ་རིང་གིས་དགའ་སྣང་མཐུན་པའི་ཟླ་བ་དང་མཉམ་ལས་བྱས་ཏེ“བྱང་ཆུབ་སློབ་གསོ”སྔར་བས་ལེགས་སུ་དང་འཕེལ་རྒྱས་བཏང་།

    འབྱུང་འགྱུར་གྱི་སྐོར་འདྲི་སྐབས་སྤེན་པ་ཚེ་རིང་གིས“རང་གི་ཁྱད་ཆོས་སྤྱད་དེ་སྤྱི་ཚོགས་ལ་སྟོབས་ཤུགས་ལེགས་སྐྱེས་འབུལ་རྩིས་ཡོད། དེ་བས་གལ་འགངས་ཆེ་བ་ཞིག་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་མི་ཉམས་གོང་འཕེལ་གཏོང་རྒྱུ་ནི་ངའི་ཕུགས་འདུན་ཆེ་ཤོས་ཡིན་ལ། འབྱུང་འགྱུར་གྱི་ཕུགས་བསམ་ཡང་ཡིན”ཞེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།