[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>མི་སྣ།
  • ཁོང་ནི་ང་ཚོའི་ནང་མི་དང་ཁྱད་མེད།

    —— ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་གླིང་ཁ་ཡུལ་སྐོར་གསར་སྤེལ་ཚད་ཡོད་ཀུང་སིའི་འགན་འཁུར་བ་ཝང་ཨའོ་ཡི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-02

    འདི་ལོ་ལོ་37ལ་སླེབས་པའི་ཝང་ཨའོ་ནི་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་གླིང་ཁ་ཡུལ་སྐོར་གསར་སྤེལ་ཚད་ཡོད་ཀུང་སིའི་འགན་འཁུར་བ་ཞིག་རེད། ཁོང་གིས་བོད་དུ་དཀའ་བ་ལོ་བཅུ་གྲངས་སྤྱད། 2016ལོར་མཁར་ལྟག་གྲོང་ཚོར་ཐེངས་དང་པོ་སླེབས་པ་ནས་བཟུང་ཁོང་དེ་གར་གཞིས་ཆགས། 2017ལོར་ཁོང་གིས་མཁར་ལྟག་གྲོང་ཚོའི་ས་ཆ་འགའ་ཞིག་བོགས་མར་བླངས་ཏེ་འདེབས་འཛུགས་གླིང་བཙུགས་ནས་མེ་ཏོག་རྒྱ་སེ་དང་ཤིང་འབྲས་ལན་མེ་སོགས་བཏབ།

    “ང་ཚོ་ནམ་རྒྱུན་དེ་གར་ལས་ཀ་བྱས་པར་ཉིན་གཅིག་ལ་གླ་ཆ་སྒོར་150ཡོད། སྤྱི་ཁྱབ་ཝང་ལགས་ཀྱིས་ང་ཚོར་ཧ་ཅང་ཡག་པོ་གནང་གི་འདུག”ཅེས་མེ་ཏོག་རྒྱ་སེ་ལ་ཡལ་བཞུར་རྒྱག་བཞིན་པའི་ཨ་ཉིའུ་ཡིས་བཤད། ཨ་ཉིའུ་ནི་ཁ་བཏགས་གྲོང་ཚོའི་གྲོང་མི་ཞིག་ཡིན་ཞིང་། 2017ལོར་ཕྲུ་གུ་སྐྱེས་ཁག་པོ་བྱུང་བའི་ཁར། ཕྲུ་གུའི་གཟུགས་པོ་ཧ་ཅང་སྐྱོ་པོ་ཡོད་ལ་ཁྱིམ་ཚང་གི་ཆ་རྐྱེན་ཡང་དེ་ཙམ་ཡག་པོ་མེད། ཝང་ཨའོ་ཡིས་གནས་ཚུལ་དེ་ཤེས་རྗེས་ཆེད་མངགས་ཁོང་ལ་ལྟ་བར་བསྐྱོད་དེ་འཚམས་འདྲིའི་དངུལ་སྒོར་2000སྤྲད་པ་མ་ཟད། ད་དུང་ཁོང་གི་ནང་མི་འདེབས་འཛུགས་གླིང་ལ་ལས་ཀ་བྱེད་པར་གདན་དྲངས།

    ཨ་ཉིའུ་ཡི་ཁྱིམ་ཚང་ཙམ་མ་ཟད་མཁར་ལྟག་གྲོང་ཚོར་ཁྱོན་དུད་ཚང་21ཡོད་པ་དང་། ཞིང་དལ་སྐབས་གྲོང་ཚོ་དེའི་ངལ་རྩོལ་ནུས་ཤུགས་ཕལ་ཆེ་བ་ཝང་ཨའོ་ཡི་འདེབས་འཛུགས་གླིང་དུ་ལས་ཀ་བྱེད་པར་འགྲོ་ཡི་ཡོད།

    གྲོང་ཚོའི་ནང་གི་ཕྲུ་གུ་ཚོར་གཟའ་མཇུག་སྐབས་རྩེད་མོ་རྩེད་ས་མེད་ལ་རྩེད་ཆས་ཀྱང་མེད་པས་ཝང་ཨའོ་ཡིས་ཆེད་མངགས་གྲོང་ཁྱེར་དུ་བསྐྱོད་ནས་ཕྲུ་གུ་ཚོར་རྐང་རྩེད་སྤོ་ལོ་དང་ཕིང་ཕང་སྤོ་ལོ་སོགས་ཉོས་པ་མ་ཟད། འདེབས་འཛུཌ་གླིང་དུ་ཕྲུ་གུ་ཚོ་རྩེད་མོ་རྩེ་ས་དང་རྒན་པ་ཚོ་ངལ་གསོ་རྒྱག་སའི་སྤང་ལྗོངས་ཤིག་ཉར་ཡོད།

    “བོད་ཀྱི་དུས་ཆེན་ཁག་འཆར་རིམ་བཞིན་དང་ལྷག་པར་དུ་བོད་ཀྱི་ལོ་གསར་སྐབས་ཁོང་གིས་གྲོང་མི་ཚོར་ལག་རྟགས་ཆུང་ངུ་རེ་གྲ་སྒྲིག་བྱས་ནས་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུ་ལུགས་མཚོན་པར་བྱེད་ཀྱི་ཡོད”ཝང་ཨའོ་ཡིས་ལོ་དེ་དག་ནང་བྱས་པའི་ལས་ཀ་དག་ཙག་ཙིག་ཡིན་རུང་ཚང་མས་སེམས་ལ་བཞག་ཡོད།

    “ཁོང་གིས་ལོ་དེ་དག་རིང་། གྲོང་ཚོའི་ཆེད་བྱ་བཟང་མང་པོ་བསྒྲུབས་པས་གྲོང་མི་ཚོས་ཁོང་ནང་མི་ལྟ་བུར་བརྩི་ཡི་ཡོད”ཅེས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དབང་ཕྱུག་གིས་བཤད།

    མཚན་སྙན་སྐོར་གླེང་སྐབས་ཝང་ཨའོ་ཡིས་དེ་དག་ཚང་མ་ནི་ངས་བྱེད་འོས་པ་ཤ་སྟག་ཡིན་པས་གླེང་རིན་མེད་ཅེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།