[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>མི་སྣ།
  • ཁྱད་ལྡན་གྲོང་རྡལ་ཆུང་ངུར་འཚོ་བ་གསར་པ་སྐྱེལ་འགོ་ཚུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-11-11

    བཀྲ་ཤིས་དབང་ཕྱུག་གིས་པང་གཅལ་འདིང་བ་དང་རྩིག་ཤོག་སྦྱར་བ་སོགས་སྡོད་ཁང་གསར་པ་མཛེས་བཟོ་བྱེད་བཞིན་ཡོད། “ལས་ཀ་ཉུང་ཤས་ཤིག་མི་གླས་ནས་བྱེད་དུ་བཅུག་པ་ཕུད་མང་ཆེ་བ་ང་རང་གིས་ལས་པ་ཡིན”ཞེས་ཚར་ཉེར་ཡོད་པའི་སྡོད་ཁང་གསར་པར་ལྟ་བཞིན་བཀྲ་ཤིས་དབང་ཕྱུག་གིས་དགའ་སྤྲོའི་ངང་བརྗོད།

    སྡོད་ཁང་གསར་པར་མ་སྤོས་གོང་། བཀྲ་ཤིས་དབང་ཕྱུག་ཁྱིམ་མི་ཚང་མ་གྲོང་རྡལ་དང་བར་ཐག་སྤྱི་ལེ་5ཡོད་པའི་རྔད་ལ་སྲིད་འཛིན་གྲོང་ཚོའི་ཁོངས་གཏོགས་ཀྱི་རང་བྱུང་གྲོང་ཚོ་ཞིག་ཏུ་སྡོད་ཀྱི་ཡོད། དེ་གར་རླངས་འཁོར་སྐྱོད་མི་ཐུབ་པ་མ་ཟད་འཐུང་ཆུ་ཡང་དཀོན་པོ་ཡོད། ཁྱིམ་མི་དགུ་པོས་ནས་བཏབ་པར་བརྟེན་ནས་འཚོ་བ་སྐྱེལ་དགོས་པས་ཡོང་འབབ་ཀྱང་མང་པོ་མེད། འདི་ནི་སྔོན་ཆད་ཁོང་ཁྱིམ་གྱི་གནས་ཚུལ་རེད།

    ཉེ་བའི་ལོ་ཤས་རིང་། སྐམ་ཐོག་གྲོང་རྡལ་གྱིས་ཁྱད་ལྡན་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་བྱས་པ་རེད། སྡོད་ཁང་དང་། སྤྱི་པའི་ཞབས་ཞུ། འགྲོ་ལམ་འགྲིམ་འགྲུལ། གྲོང་སྲིད་རྨང་གཞི། ཆུ་བེད་རྨང་གཞི། གྲོང་ཁྱེར་དང་གྲོང་རྡལ་གྱི་མཛེས་ལྗོངས་སོགས་མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར་4.65ཟིན་པའི་ལས་གྲྭ་2016ལོར་སྐྲུན་འགོ་ཚུགས་པ་དང་། སྔོན་དཔག་བྱས་ན་2019ལོའི་ལོ་མཇུག་ཏུ་ལེགས་སྒྲུབ་ཐུབ་རྒྱུ་ཡིན་པ་རེད།

    གསར་འགོད་པར་ཤེས་རྟོགས་བྱུང་གསལ། སྐམ་ཐོག་གྲོང་རྡལ་གྱིས་ཡུལ་གཞན་དུ་གནས་སྤོ་དབུལ་སྐྱོར་དེ་ཁྱད་ལྡན་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་ཁྲོད་བཅུག་ནས་མཉམ་དུ་འཛུགས་སྐྲུན་བྱས་རྗེས་ཁྱད་ལྡན་གྲོང་རྡལ་ཆུང་ངུར་བརྟེན་ནས་དབུལ་སྒྲོལ་བྱ་རྒྱུ་ཡིན་པ་རེད། ཡུལ་གཞན་དུ་གནས་སྤོ་དབུལ་སྐྱོར་གྱི་རྣམ་གྲངས་ཧྲིལ་པོའི་ནང་དུ། མི་591དང་འབྲེལ་བའི་དམངས་ཀྱི་སྡོད་ཁང་123གསར་སྐྲུན་སྒྱུར་བཀོད་བྱེད་པ་དང་། ཚོང་གཉེར་ཁང་པ་188དང་དེ་བཞིན་ཞོར་གཏོགས་ཁུལ་ཆུང་སོགས་ཀྱི་ལས་གྲྭ་ཚུད་པ་དེ་དག་གི་མ་འཇོག་བསྡོམས་འབོར་སྒོར་ཁྲི་7073.76ཟིན་ཡོད་པ་རེད།

    ད་ཆ་བཀྲ་ཤིས་དབང་ཕྱུག་ལ་བགོ་བཤའ་བརྒྱབ་པའི་སྡོད་ཁང་གི་རྒྱ་ཁྱོན་ལ་སྨི་ངོས་གྲུ་180ཟིན་ཡོད། “སྡོད་ཁང་གསར་པར་ཆུ་དང་། གློག ལམ། དྲ་བ་སོགས་ཡོད་པ་མ་ཟད། ཏང་དང་སྲིད་གཞུང་གིས་ད་དུང་ང་ཚོར་ལས་ཀ་ཡང་བཀོད་སྒྲིག་བྱས་ནས་ཡོང་འབབ་བརྟན་པོ་རག་གི་ཡོད་པས་འཚོ་བ་ཇེ་བཟང་ཇེ་ལེགས་སུ་འགྲོ་རྒྱུ་ཡིན་པ་ང་ལ་ཡིད་ཆེས་ཡོད”“ཉིན་བཅུ་གྲངས་རྗེས་སུ་སྡོད་ཁང་གསར་པར་སྤོ་ཆོག”ཅེས་བཀྲ་ཤིས་དབང་ཕྱུག་གིས་བརྗོད།

    “ཡུལ་སྐོར་ནི་སྐམ་ཐོག་གི་ཐོན་ལས་ཀྱི་རྟེན་ས་ཞིག་རེད”ཝང་ཤང་ཏུང་གིས་ཐག་མི་རིང་པའི་སར་སྐྲུན་བཞིན་པའི་རྒྱལ་སྒོ་སྟོན་བཞིན“འདི་གར་ནང་དུ་འཛུལ་ན་མཛེས་ལྗོངས་ལྟ་ན་སྡུག་པའི་ཞོལ་པ་རོང་རེད། འདི་དང་སྐམ་ཐོག་གི་དམངས་སྲོལ་གྲོང་ཚོ་གཉིས་ནི་ང་ཚོས་ནུས་ཤུགས་ཡོད་རྒུས་སྐྲུན་བཞིན་པའི་ཡུལ་སྐོར་རྣམ་གྲངས་གཉིས་ཡིན་ཏེ། ཡུལ་སྐོར་ཡོང་འབབ་རག་མིན་འདིར་ཐུག་ཡོད་ཅེས་བརྗོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།