[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>མི་སྣ།
  • རི་མོ་མཁས་ཅན་ཧན་ཧྲུའུ་ལིས་ས་མཐོར་གཞིས་ཚུགས་པའི་སྐོར་རགས་ཙམ་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-09-28

    “བོད་ནི་ངའི་སྒྱུ་རྩལ་གྱི་ཚེ་སྲོག་ལྟ་བུ་ཡིན། གལ་ཏེ་བོད་ནས་བྲལ་ན་ངའི་སྒྱུ་རྩལ་གྱི་ཆུ་འགོ་འདི་ཡང་སྐམ་པར་ངེས། རྒྱ་རིགས་གཞོན་ནུ་ཕལ་པ་ཞིག་ཡིན་པའི་རང་ཉིད་བོད་དུ་འཚོ་བ་སྐྱེལ་རྒྱུ་བྱུང་བ་དང་ངོ་མཚར་རྨད་དུ་བྱུང་བའི་ས་གཞི་འདིར་རྩ་བ་འཛུགས་ཐུབ་བྱུང་། ངས་ས་མཐོའི་མི་རིགས་ཁག་གི་མི་དམངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། བོད་རིགས་སྤུན་ཟླ་ཚོས་རོགས་རམ་གནང་བར་ཡང་ཐུཌ་རྗེ་ཆེ་ཞུ་རྒྱུ་ཡིན། གུས་པས་མི་ཚེ་ཧྲིལ་བོར་ལེ་དབར་ཁྲི་ཡི་ས་མཐོར་འབད་པ་ལྷོད་མེད་ཀྱིས་དཀར་གཙང་ཁ་བཏགས་བཞིན་གྱི་སྒྱུ་རྩལ་གྱི་གངས་རི་མཐོན་པོ་རེ་རེའི་རྩེ་མོར་སྙེགས་འདོད”ཅེས་རི་མོ་མཁས་ཅན་ཧན་ཧྲུའུ་ལིས་བོད་དུ་གཉེར་བའི་མི་སྒེར་གྱི་རི་མོའི་འགྲེམས་སྟོན་ཐོག་མའི་ཐོག་དེ་ལྟར་བཤད།

    ཉེ་ཆར། “ཆར་རླུང་ཁྲོད་མདུན་སྐྱོད་ཀྱི་ལོ་ངོ་ཞེ་ལྔ། པིར་རྩལ་ལས་མངོན་པའི་ས་མཐོའི་བརྩེ་བ”ཞེས་པའི་རི་མོ་མཁས་ཅན་ཧན་ཧྲུའུ་ལིའི་སྣག་རིས་རི་མོའི་འགྲེམས་སྟོན་ལྷ་སར་གཉེར་ཞིང་། རི་མོ་བ་མང་པོས་འགྲེམས་སྟོན་ལ་ལྟ་བཞིན་དུ་བསྔགས་བརྗོད་ཡང་ཡང་བྱེད་སྐབས། ཧན་ཧྲུའུ་ལིས་འཛུམ་དམུལ་དམུལ་ངང“ཕན་པ་ཐོབ་མཁན་ངོ་མ་ནི་ང་ཡིན། བོད་ཀྱིས་གསོ་སྐྱོང་གནང་བ་བརྒྱུད་ངར་གཞི་ནས་གྲུབ་འབྲས་རགས་ཙམ་ཐོབ་སོང་། བོད་རིགས་མི་དམངས་ཀྱིས་རོགས་རམ་གནང་བ་ལས་རང་ཉིད་ལ་སེམས་འགུལ་ཆེན་པོ་ཐེབས་ལ། བོད་དུ་བསྡད་པའི་ལོ་བཅུ་ཕྲག་འགའི་རིང་བོད་རིགས་མི་དམངས་ཀྱིས་རོགས་རམ་ཧ་ཅང་མང་པོ་གནང་བའི་འོག ངས་བོད་ཀྱི་ལོ་རྒྱུས་དང་རིག་གནས་ཤེས་རྟོགས་གཏིང་ཟབ་བྱུང་ཞིང་། རང་ཉིད་ཀྱིས་ཤེས་རྟོགས་བྱུང་བའི་བོད་ཀྱི་རིག་གནས་དག་རི་མོའི་ནང་བཅུག་ནས་དེ་རིང་གི་རི་མོ་འདི་དག་གྲུབ་པ་ཡིན། སླད་ཕྱིན་ངས་འབད་པ་སྔར་ལས་ལྷག་པ་བྱས་ཏེ་བོད་ཀྱི་སྐོར་བཀོད་པའི་བརྩམས་ཆོས་དེ་བས་མང་པོ་བརྩམས་ནས། རྒྱ་ཆེ་ལ་གཏིང་ཟབ་པའི་བོད་ཀྱི་ཕུལ་བྱུང་རིག་གནས་འཛམ་གླིང་ས་གནས་ཁག་ལ་ཁྱབ་སྤེལ་གཏོང་རྒྱུ་ཡིན”ཞེས་བཤད།

    1973ལོར་ཧན་ཧྲུའུ་ལི་ཀྲུང་དབྱང་མཛེས་རྩལ་སློབ་གླིང་ནས་བོད་ཀྱི་འགྲེམས་སྟོན་ཁང་ལ་གཡར་བ་དང་། དུས་དེ་ནས་བཟུང་ལོ་ཞེ་ལྔ་ཏག་ཏག་གངས་ལྗོངས་ས་མཐོར་སྒྱུ་རྩལ་གསར་རྩོམ་ལས་ལ་ཞུགས། བོད་དུ་འབྱོར་རྗེས་ཧན་ཧྲུའུ་ལི་དང་ལས་རོགས་ཚོས་བོད་ཀྱི་ཡུལ་གྲུ་ཀུན་ཏུ་བསྐྱོད་ནས་པར་ལེན་དང་ཟིན་འགོད་རྒྱུན་མི་ཆད་པར་བྱས་ཡོད།

    བོད་ལ་ཉིན་རེ་ལས་ཉིན་རེ་མ་འདས་པར་བརྩེ་བ་ཆེ་རུ་སོང་བས་ཧན་ཧྲུའུ་ལིས་གཡར་བའི་དུས་ཚོད་ཐིམ་ཡང་བོད་ནས་བྲལ་མེད་པ་མ་ཟད། ད་དུང་རྩ་འཛུགས་ལ་གཡར་བ་ནས་བོད་དུ་ལས་སྒྱུར་བྱ་རྒྱུའི་རེ་འདུན་ཡང་ཞུས། དེ་ནས་བཟུང་བོད་དུ་བསྡད་ནས་ལོ་ངོ་ཞེ་ལྔ་ཏག་ཏག་ཕྱིན། ཧན་ཧྲུའུ་ལིས་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱས་ཏེ། ཀྲུང་གོའི་སྲོལ་རྒྱུན་གྱི་སྣག་རིས་རི་མོའི་སྒྱུ་རྩལ་གྱི་རྣམ་པ་གསར་པ་ཞིག་བཏོད་ཅིང་། རྒྱ་བོད་མཉམ་འདྲེས་ཀྱི་སྒྱུ་རྩལ་ལམ་བུའི་ཐོག་ནས་འཛམ་གླིང་ལ་དེང་གི་བོད་ཀྱི་སྒྱུ་རྩལ་མངོན་པར་བྱས་པ་མ་ཟད། བོད་ཀྱི་ཡུལ་གྲུ་ཀུན་ཏུ་བསྐྱོད་དེ་ཕུལ་བྱུང་མཛེས་རྩལ་བརྩམས་ཆོས་འབོར་ཆེན་བརྩམས་ནས། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་བསམ་ཕྱོགས་སྐྱེ་བོ་ཀུན་གྱི་མིག་ལམ་དུ་བཤམས་པ་དང་། རྒྱ་ཆེ་ལ་གཏིང་ཟབ་པའི་བོད་ཀྱི་ཕུལ་བྱུང་རིག་གནས་འཛམ་གླིང་ས་གནས་ཁག་ལ་ཁྱབ་སྤེལ་བཏང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།