ཀ་བ་ལ་འཇགས་མའི་ལྷན་པ།
ཀོ་བ་གཅིག་ནས་དྲས་པའི་རྒྱུན་བུ།
དཀའ་ལས་རྒྱག་པའི་དཀའ་ཆང་།མཛོ་ཕོ་བསད་པའི་སྡིག་གླ།
དཀར་པོ་གྱེན་འདེད།ནག་པོ་ཐུར་འདེད།
དཀར་ཡོལ་ཆག་ཀྱང་།རི་མོ་བློ་ལ་ངེས།
དཀོས་གཉེར་ཕྱིས་དར་མཁས་ན།གསེར་སྐུ་རག་ལ་གཏོང་འོངས།
བཀའ་རྡོ་རྗེ་གཅོད་པ།གསུང་སྤུ་གྲི་ངར་མ།
རྐང་པ་ས་ལ་མ་ཚུགས་པར།མགོ་བོས་གནམ་བརྟོལ་རྒྱུ།
རྐང་པ་ཕར་བརྐྱངས།ཉི་མ་ཚུར་བསུ།
རྐང་པ་གཅིག་ལ།ཚེར་མ་བརྒྱ་ཟུག
རྐང་འོག་གི་རྡེའུ།དཔྲལ་བར་འཕར་བ།
རྐུ་མ་ཁ་སྐྱེངས་ཀྱིས་མི་གསོད།
རྐུ་མ་ནང་ལ་བཞག སྒོ་ལྕགས་ཕྱི་ལ་བརྒྱབ།
རྐྱང་ལ་རྔོ་ཤོར་ན།རི་དྭགས་ཀྱང་རྫད།
སྐམ་པོའི་ཕྱག་རྒྱ་དེ།རློན་པའི་ཆུ་ནང་དུ་མི་ཡོང་།
སྐུ་ཉི་མའི་ནང་ལ་བཞུགས་ནས།གསུང་གྲིབ་མའི་ནང་ལ་མ་འབྱོན།
སྐེ་འདི་ལས་ཕྲ་ན་ཡི་དྭགས། གནས་འདི་ལས་དམའ་ན་དམྱལ་བ།
སྐེ་འདོད་ནས་ལྦ་བ་མི་འདོད་པ།
སྐེ་ཡན་གྱི་སྐད་ཆ།
སྐྱ་ཀ་ཁྲ་མོའི་ཚང་ནང་ནས།མ་ཁྲ་བུ་དཀར་ཡོང་དོན་མེད།
སྐྱུགས་བྲོ་ཡང་ཨ་ཕའི་ལྟོ་ཕོར།
སྐྱུར་མོ་གཅིག་དང་མ་འཕྲད་ན།མངར་མོ་ཐམས་ཅད་ཅང་ཅང་ཡིན།
སྐྱེ་ཐེངས་གཅིག་ལ་འཆི་ཐེངས་གཉིས།
བརྐྱངས་ན་མདའ་ཉན་པ།བཀུག་ན་གཞུ་ཉན་པ།
ཁ་སྟོང་ནང་གི་ལྕེ་སྟོང་།
ཁ་བདག་མེད་ནང་ནས་ཚིག་ཚོད་མེད་འབུད།
ཁ་བདེ་མོ་ཨ་འུ་ནེ་ཙོ།མགོ་བདེ་མོ་རྩངས་པ་སྐྱ་ལེབ།
ཁ་ནང་གི་རྨ།ཁ་ནང་དུ་གསོ།
ཁ་ནས་ཚིག་ཤོར་ཡུ་བ་ཐུང་།