[ English ] [ 中文 ]
0891-6325020
དབུ་ཤོག>བོད་ཀྱི་རིག་གནས།>ལོ་རྒྱུས།
  • གཏིང་སྐྱེས་རྫོང་ལྷ་ལུང་གྲོང་ཚོའི་ལོ་རྒྱུས་འགྲེམས་སྟོན་ཁང་སྒོ་ཕྱེ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-02-07

    ཉེ་ཆར། གཏིང་སྐྱེས་རྫོང་གཟར་ཤང་ལྷ་ལུང་གྲོང་ཚོའི་ལོ་རྒྱུས་ཁང་སྒོ་ཕྱེ་བའི་མཛད་སྒོ་འཚོགས་པ་དང་འབྲེལ་གྲོང་ཚོའི་ལོ་རྒྱུས་ཁང་དུ་དངོས་རྫས་ཞལ་འདེབས་རྒྱག་མཁན་གྲོང་མིར་ལག་ཁྱེར་ཡང་སྤྲད་པ་རེད།

    ལྷ་ལུང་གྲོང་ཚོའི་ལོ་རྒྱུས་ཁང་གིས“ལོ་རྒྱུས་མ་བརྗེད་པར་འབྱུང་འགྱུར་ལ་རྒྱང་ལྟ་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པ་དང་འབྲེལ་དྲིལ་བསྒྲགས་འགྲེམས་པང་དང་དངོས་རྫས་འགྲེམས་སྟོན་ཁག་གཉིས་ལས་གྲུབ་ཡོད། དེའི་ནང་དྲིལ་བསྒྲགས་འགྲེམས་པང་གི་ནང་དོན་ནི་ལྷ་ལུང་གྲོང་ཚོའི་ངོ་སྤྲོད་མདོར་བསྡུས་དང་། མཉམ་ལས་ཁང་གི་ངོ་སྤྲོད་མདོར་བསྡུས། ལོ་རྒྱུས་ཀྱི་འཕོ་འགྱུར། བོད་གསར་རྙིང་བསྡུར་བ། དཔེ་བཟང་མི་སྣ་དང་དེ་བཞིན་སྐབས་རིམ་བྱུང་གི་གྲོང་ཚོའི་ལས་བྱེད་པའི་ངོ་སྤྲོད་མདོར་བསྡུས་སོགས་ཡོད། འགྲེམས་སྟོན་དངོས་རྫས་ནི་གཙོ་བོ་འཚོ་བའི་མཁོ་ཆས་དང་ཐོན་སྐྱེད་ཡོ་བྱད་ཡོད་པ་དེ་དག་གྲོང་མི་ཚོས་རང་འགུལ་ངང་ཞལ་འདེབས་བརྒྱབ་པ་ཤ་སྟག་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། སྒོ་ཕྱེ་བའི་ཉིན་དེ་ནས་བཟུང་ལྷ་ལུང་གྲོང་ཚོའི་ཏང་དམངས་ཕྱོགས་བསྡུས་བྱེད་སྒོ་ལྟེ་གནས་ཀྱི་གྲོང་ཚོའི་ལོ་རྒྱུས་ཁང་དེ་གྲོང་མི་ཚོ་ངལ་གསོའི་སྐབས་འཚོ་བའི་འགྱུར་ལྡོག་གླེང་ས་དང་། སློབ་མ་སློབ་གྲྭ་གྲོལ་རྗེས་ལོ་རྒྱུས་ཤེས་རྟོགས་བྱ་ཡུལ་ལ་གྱུར་པ་མ་ཟད། རྒན་རྒོན་ཚོས་སྡུག་དྲན་སྐྱིད་བསམ་བྱེད་སའི་ཏང་གི་ལོ་རྒྱུས་སློབ་ཁང་དུའང་གྱུར་ནས་ཏང་ཡོན་དང་མང་ཚོགས་ཚོས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ལ་སྐུལ་ལྕག་ཐེབས་ཏེ། མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་བཞིན་ཡོད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།