[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>མངོན་མིན་རིག་གནས་ཤུལ་བཞག>ཐང་ག
  • བོད་ལྗོངས་ཀྱི་བཟོ་རྩལ་མཛེས་རྩལ་ཆེ་མོ་བ་ལུང་བཟང་ལགས།

  • ཡོང་ཁུངས།   མི་དམངས་དྲ་བའི་འཕྲིན།    |    རྩོམ་པ་པོ།      |    སྤེལ་དུས།   2017-05-09

    F2017050514572349967300525.jpg

    ཐང་ག་ངོ་སྤྲོད་གནང་བ།

    F2017050514573518767300526.jpg

    ཐང་ག་འབྲི་བཞེངས་གནང་བ།

    F2017050514581423167300528.jpg

    ཡུལ་བཟང་ཐང་གའི་ཞིང་ཁམས་ཀྱི་ཟུར་ཞིག

    མི་དམངས་དྲ་བའི་འཕྲིན། 1997ལོར། བོད་རིགས་སྨན་ཐང་ལུགས་ཀྱི་རྒྱལ་ཁབ་རིམ་པའི་ལག་རྩལ་རྒྱུད་འཛིན་པ་ལུང་བཟང་ལགས་ཀྱིས་ལྷ་སའི་བར་སྐོར་དུ་ཡུལ་བཟང་ཐང་གའི་ཞིང་ཁམས་བཙུགས་ཤིང་། ལོ་མང་པོ་ཞིག་གི་རིང་ལ། ཁོང་གིས་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དང་དར་སྤེལ་གྱི་བསམ་འདུན་བཅངས་ཏེ་བོད་ཀྱི་ཐང་གའི་སྒྱུ་རྩལ་ལ་ཞིབ་འཇུག་གཏིང་ཟབ་དང་། སློབ་མ་མང་པོ་བསྡུས་ཏེ་ཐང་ག་འབྲི་བཞེངས་ཀྱི་ལག་རྩལ་རྗེས་རབས་པར་བཀའ་ཁྲིད་གནང་བ་རེད། ད་ལྟ། ཁོང་གི་ཡུལ་བཟང་ཐང་གའི་ཞིང་ཁམས་ལ་གཞི་ཁྱོན་རགས་ཙམ་ལྡན་ལ། ཕྱོགས་བཞི་མཚམས་བརྒྱད་ནས་ལག་རྩལ་སྦྱོང་བར་ཡོང་མཁན་ཡང་རྒྱུན་ཆད་ཀྱི་མེད་པ་རེད།

    ལུང་བཟང་ལགས་ནི་གཙུག་ལག་ཁང་དང་། ཕོ་བྲང་པོ་ཏ་ལ། དགའ་ལྡན་དགོན། སེ་ར་དགོན། འབྲས་སྤུངས་དགོན་སོགས་ཀྱི་ལྡེབས་རིས་དང་། ཐང་ག སྐུ་འདྲ་ཞིག་གསོའི་ལས་དོན་ལ་ཞུགས་མྱོང་ཡོད་པ་མ་ཟད། སེ་ར་དགོན་དང་དགའ་ལྡན་དགོན། ཀྲུང་གོའི་ལྷ་ས་ཞོ་སྟོན་དུས་ཆེན་སོགས་སྐབས་ཀྱི་ཐང་ག་ཆེ་གྲས་རིགས་འབྲི་བཞེངས་ཕྱག་ལས་ཀྱི་གཙོ་སྐྱོང་གནང་མྱོང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།