[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>མངོན་མིན་རིག་གནས་ཤུལ་བཞག>ཐང་ག
  • བོད་ཀྱི་ཐང་ག་པེ་ཅིང་དུ་འགྲེམས་སྟོན་བྱས་པས་གངས་ལྗོངས་ས་མཐོའི་སྲོལ་རྒྱུན་རིག་གནས་ཀྱི་ངོ་མཚར་མངོན་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2017-01-10

    356836_yis_1483939522673.jpg

    ཟླ་1ཚེས་7ཉིན“མཁའ་དབྱིངས་ཀྱི་བོད་ལྗོངས·བོད་ཀྱི་ཐང་གའི་འགྲེམས་སྟོན”པེ་ཅིང་ཀྲུང་གོ་མཛེས་རྩལ་ཁང་དུ་འགོ་ཚུགས་པ་དང་ཕུལ་བྱུང་ཐང་གའི་སྒྱུ་རྩལ་བརྩམས་ཆོས་ཁག་གཅིག་དེར་གཅིག་སྡུད་བྱས་ནས་ལྟད་མོ་བ་ཚོར་གངས་ལྗོངས་ས་མཐོའི་སྲོལ་རྒྱུན་རིག་གནས་ཀྱི་ཁྱད་འཕགས་ངོ་མཚར་མངོན་པ་བྱས་ཤིང་། འདི་ནི་ལྟད་མོ་བ་ཚོས་ཀྲུང་གོ་མཛེས་རྩལ་ཁང་དུ་བོད་ཀྱི་ཐང་གར་བལྟ་བའི་གནས་ཚུལ་ཡིན་པ།

    “མཁའ་དབྱིངས་ཀྱི་བོད་ལྗོངས·བོད་ཀྱི་ཐང་ག་འགྲེམས་སྟོན”ཉེ་ཆར་ཀྲུང་གོ་མཛེས་རྩལ་ཁང་དུ་འགོ་ཚུགས་པ་དང་ཕུལ་བྱུང་ཐང་གའི་སྒྱུ་རྩལ་བརྩམས་ཆོས་ཁག་གཅིག་བསྡུ་རུབ་བྱས་ནས་ལྟད་མོ་བ་ཚོར་གངས་ལྗོངས་ས་མཐོའི་སྲོལ་རྒྱུན་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ངོ་མཚར་མངོན་པར་བྱས་པ་རེད།

    ཉེ་བའི་ལོ་ཤས་རིང་བོད་ཀྱི་ལྷ་མོ་དང་གླིང་སྒྲུང་སོགས་སྲོལ་རྒྱུན་སྒྱུ་རྩལ་ལ་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོབ་བྱ་ཐབས་སྤྱད་ནས་ཐང་ག་དང་སྤོས་སོགས་ཁྱད་ལྡན་ལག་རྩལ་ལ་ཐོན་སྐྱེད་རང་བཞིན་གྱི་སྲུང་སྐྱོབ་ཐོབ་ཅིང་། ལྷ་ས་དང་གཞིས་རྩེ་སོགས་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་མང་པོ་གནས་སའི་ས་ཁུལ་དུ་ཁྱོན་ཡོངས་རང་བཞིན་གྱི་སྲུང་སྐྱོབ་ཐུབ་པ་དང་བོད་ཀྱི་གནའ་གཞུང་དང་ཚད་ལྡན་ཡིག་ཆ་རྩ་ཆེན་ལ་བསྐྱར་སྐྱེས་རང་བཞིན་གྱི་སྲུང་སྐྱོབ་དང་བེད་སྤྱོད་ཐུབ་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲེམས་སྟོན་དེ་ཚེས་18ཉིན་བར་རྒྱུན་མཐུད་ངང་བྱ་རྒྱུ་ཡིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།