[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>མངོན་མིན་རིག་གནས་ཤུལ་བཞག>གླིང་སྒྲུང་།
  • ལྷོ་ནུབ་མི་རིགས་སློབ་ཆེན་དུ"གེ་སར་སྒྲུང་གི་འགྲེམས་སྟོན་ཁང"བཙུགས།

  • ཡོང་ཁུངས།   མི་དམངས་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-11-16

    640.webp.jpg

       ཟླ་11ཚེས་10ཉིན། ལྷོ་ནུབ་མི་རིགས་སློབ་ཆེན་དང་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་མི་རིགས་རྩོམ་རིག་ཞིབ་འཇུག་ཁང་གཉིས་ཀྱིས་གཙོ་གཉེར་བྱས་པའི་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་མི་རིགས་རྟེན་རྫས་བཤམས་མཛོད་ཁང་གི"གེ་སར་རྟེན་རྫས་བཤམས་མཛོད་ཁང"སྒོ་འབྱེད་བྱེད་སྒོ་ཁྲེང་ཏུའུ་གྲོང་ཁྱེར་དུ་སྤེལ་བ་རེད།

    640.webp (1).jpg

       རགས་རྩིས་བྱས་པར་གཞིགས་ན། 《གེ་སར་སྒྲུང་》ལ་སྙན་ངག་ཤོ་ལོ་ཀ་ཁྲི་བརྒྱ་ལྷག་དང་། ཡིག་འབྲུ་ཁྲི་སྟོང་ཕྲག་གཉིས་ལྷག་ཙམ་ཡོད་པ་རེད། དེ་ནི་འཛམ་གླིང་གི་ལོ་རྒྱུས་སྙན་ངག་ཆེན་པོ་ལྔ་སྟེ་《དབྱི་ལི་ཡ་ཐེ་》དང་། 《ཨོ་ཏུ་སའེ་ཡ》 《བྷ་ར་མི་ཊ》 《རཱ་མ་ཡ་ཎ》 《གིལ་གཱ་མེ་ཧྲི་》བཅས་ལྔ་པོ་ཕྱོགས་གཅིག་ཏུ་བསྡུས་པ་ལས་ཀྱང་རིང་བ་ཡོད་པ་རེད། 2006ལོར། ཀྲུང་གོ་ཡིས་《གེ་སར་སྒྲུང་》རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་ཐོ་ཁག་དང་པོའི་ནང་བཀོད་པ་མ་ཟད། 2009ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་དུ་བཅུག་པ་རེད།

    640.webp (2).jpg

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།