[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>མངོན་མིན་རིག་གནས་ཤུལ་བཞག
  • བོད་ཀྱི་རིམ་ཚུད་ལྷ་འབྲི་བ་147ཟིན་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-05

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། བོད་ལྗོངས་ཐང་གའི་སྒྱུ་རྩལ་དངོས་མང་སྟོན་ཚོཌ་སྐབས་དགུ་པ་ཚེས་ཉིན་ཤས་གོང་ལྷ་སར་མཇུག་འགྲིལ་བ་རེད། ད་ཐེངས་ཀྱི་བྱེད་སྒོའི་ནང་ལྷ་འབྲི་བ་མཁས་ཅན་42རིམ་པའི་ནང་ཚུད་པ་དེ་ནི་སྐབས་རིམ་བྱུང་གི་རིམ་ཚུད་ལྷ་འབྲི་བ་མཁས་ཅན་དཔྱད་འདེམས་མི་གྲངས་མང་ཤོས་ཡིན་པ་རེད། མིག་སྔ་བར། བོད་ཀྱི་རིམ་ཚུད་ལྷ་འབྲི་བ་མཁས་ཅན་147ཡོད་པ་རེད།

    བོད་རང་སྐྱོང་ལྗོངས་རིག་གནས་ཐིང་ཐོན་ལས་འཕེལ་རྒྱས་དང་ཐོན་ཁུངས་གསར་སྤེལ་ཁྲུའི་ཁྲུའུ་ཀྲང་གཞོན་པ་ལི་ཁྲོན་ཀྲོའུ་ཡིས་མིག་སྔར་བོད་ཀྱི་རིམ་པ་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་ལྷ་འབྲི་བ་མཁས་ཅན་གྱི་མི་གྲངས་32དང་། 48 67བཅས་སོ་སོར་ཟིན་ཡོད། ལག་ཤེས་འགྲན་བསྡུར་ལ་བརྟེན་ནས་ལྷ་འབྲི་བས་ཐང་གའི་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་ཁོང་དུ་ཆུད་པ་དང་བེད་སྤྱོད་བྱ་རྒྱུར་ཁྲིད་སྟོན་བྱེད་ཐུབ་པ་མ་ཟད། ད་དུང་ལྗོངས་ཡོངས་ཀྱི་ཐང་གའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་ཀྱང་གཏོང་ཐུབ་ཅེས་ངོ་སྤྲོད་བྱས་བྱུང་།

    བསྡོམས་རྩིས་བྱས་པར་གཞིགས་ན། བོད་ལ་ད་ལྟ་ཆེད་གཉེར་ལྷ་འབྲི་བ་3000ཡོད་པ་དང་། ལོ་ལྟར་ཐང་ཁ་རྩེར་སོན་སྟོང་ཕྲག་ཙམ་བཞེངས་ཐུབ་པས་ལོའི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་ལྷག་ཙམ་ཟིན་གྱི་ཡོད། 2006ལོར་ཐང་ག་དེ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་ཚུད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།