[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>མངོན་མིན་རིག་གནས་ཤུལ་བཞག
  • རིག་དངོས་སྲུང་སྐྱོབ་ཀྱི་ལས་འགན་ལྕི་ལ་ལམ་ཐག་རིང་།

    ལྷོ་ཁ་གྲོང་ཁྱེར་རིག་གནས་ཅུས(རིག་དངོས་ཅུས)ཀྱི་ཅུས་ཀྲང་གཞོན་པ་བྱམས་པ་ཚེ་རིང་ལ་བཅར་འདྲི་ཞུས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-24

    ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱི་རིག་དངོས་སྲུང་སྐྱོབ་བྱ་གཞག་ཆུང་བ་ནས་ཆེ་བའི་བར་དང་ཉམས་ཞན་ནས་སྟོབས་ཆེའི་བར་འགྱུར་ལྡོག་བྱུང་སྟེ། “སྲིད་གཞུང་གིས་གཙོ་ཁྲིད་དང་། ལས་རིགས་ཀྱིས་དོ་དམ་གཙོ་བོ་བྱེད་པ། སྡེ་ཚན་གྱིས་རམ་འདེགས་བྱེད་པ། སྤྱི་ཚོགས་ཞུགས་པ། མང་ཚོགས་ཀྱིས་རྒྱབ་སྐྱོར་བྱེད་པ”བཅས་ཀྱི་རིག་དངོས་སྲུང་སྐྱོབ་ཀྱི་རྣམ་པ་གསར་པ་ཞིག་རིམ་གྱིས་གྲུབ་ནས། རིག་དངོས་བྱ་གཞག་རྒྱུན་མཐུད་འཕེལ་རྒྱས་བྱུང་བ་དང་། ཁྱབ་ཁོངས་ཁག་གཅིག་ཏུ་གཞི་ཁྱོན་དང་ཤུགས་རྐྱེན་ངེས་ཅན་ལྡན་ཡོད། རིག་དངོས་ལས་དོན་དང་དཔལ་འབྱོར་དང་སྤྱི་ཚོགས་མཉམ་འདྲེས་བྱེད་ཚད་རྒྱུན་མཐུད་ཟབ་ཏུ་ཕྱིན་པས། རིག་དངོས་བྱ་གཞག་ཉིན་རེ་ལས་མ་འདས་པར་རིག་གནས་སྟོབས་ཆེའི་ལྗོངས་བསྐྲུན་པའི་འདེགས་སྐྱོར་གལ་ཆེན་དུ་གྱུར་ཡོད། དཔལ་འབྱོར་འཕེལ་རྒྱས་མྱུར་པོ་ཡོང་བ་དང་སྤྱི་ཚོགས་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བར་རིག་དངོས་ཀྱིས་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད་ལ། འབུལ་འོས་པའི་ལེགས་སྐྱེས་ཀྱང་ཕུལ་ཡོད། དེར་བརྟེན་གསར་འགོད་པས་ལྷོ་ཁ་གྲོང་ཁྱེར་རིག་གནས་ཅུས(རིག་དངོས་ཅུས)ཀྱི་ཅུས་ཀྲང་གཞོན་པ་བྱམས་པ་ཚེ་རིང་ལ་ཆེད་མངགས་བཅར་འདྲི་ཞུས་པ་ཡིན།

    བྱམས་པ་ཚེ་རིང་གིས། རིག་དངོས་ནི“སྨྲ་ཤེས་པའི་ལོ་རྒྱུས་ལྟ་བུ་རེད”ཡར་ཀླུང་གི་ས་གཞི་ཆེན་པོར་ཁྱབ་པའི་རིག་དངོས་མང་པོར་ཚན་རིག་དང་། སྒྱུ་རྩལ། ཞིབ་འཇུག་བཅས་ཀྱི་རིན་ཐང་ཆེན་པོ་ལྡན་ཡོད། ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་རིག་དངོས་སྲུང་སྐྱོབ་བྱེད་སྐབས་ལོ་རྒྱུས་ལ་བརྩི་འཇོག་དང་སྔར་ཡོད་ཇི་བཞིན་ཉམས་གསོ་བྱེད་པའི་རྩ་དོན་སྔ་བར་ཕྱི་གསུམ་དུ་མཐའ་འཁྱོངས་བྱས་ཏེ། རྣམ་སྲས་གླིང་གཞིས་ཀ་དང་། ཁྲ་འབྲུག་དགོན། དར་རྒྱས་གླིང་དགོན་སོགས་རིག་དངོས་སྲུང་སྐྱོབ་ཚན་པ་མང་པོར་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོབ་དང་ཉམས་གསོ་བྱས་པ་དང་། “ཤིང་ཏ་ལའི་ལོ་མའི་དཔེ་ཆ”དང་དེ་བཞིན་ལོ་རྒྱུས་དང་གསར་བརྗེའི་རིག་དངོས་གཙོ་བོ་སྲུང་སྐྱོང་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་བས་ཧ་ཅང་རྩ་ཆེ་བའི་ལོ་རྒྱུས་ཀྱི་རིག་དངོས་རྗེས་ཤུལ་འབོར་ཆེན་ཞིག་གི་གཟི་བྱིན་སླར་ཡང་འཕྲོ་བར་བྱས་ཡོད་ཅེས་བརྗོད་པ་རེད།

    རིག་དངོས་ནི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། རིག་དངོས་ལས་དོན་སྒྲུབ་སྐབས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་དར་སྤེལ་གཏོང་བ་དང་། མི་དམངས་མང་ཚོགས་ཀྱི་གཞི་རྩའི་རིག་གནས་ཁེ་དབང་འགན་ལེན་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་དགོས། བྱམས་པ་ཚེ་རིང་གིས་སླད་ཕྱིན་ལས་དོན་སྒྲུབ་སྐབས་ལྷོ་ཁ་གྲོང་ཁྱེར་རིག་དངོས་སྡེ་ཚན་གྱིས“སྲུང་སྐྱོང་གཙོ་བོར་བྱེད་པ་དང་། མྱུར་སྐྱོབ་ཨང་དང་པོར་འཇོག་པ། ལུགས་མཐུན་བེད་སྤྱོད་བྱེད་པ། དོ་དམ་ལ་ཤུགས་སྣོན་རྒྱག་པ”བཅས་ཀྱི་རིག་དངོས་ལས་དོན་གྱི་བྱེད་ཕྱོགས་སྔ་བར་ཕྱི་གསུམ་དུ་མཐའ་འཁྱོངས་བྱས་ཏེ། ལོ་རྒྱུས་རྒྱུན་འཛིན་དང་། མི་དམངས་ལ་སློབ་གསོ་གཏོང་བ། སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ། དམངས་འཚོ་ལེགས་སུ་གཏོང་བ་བཅས་ཀྱི་རིག་དངོས་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་ཁྲོད་ཀྱི་རིག་དངོས་ཀྱི་དམིགས་བསལ་ནུས་པ་འདོན་སྤེལ་བྱེད་པ། རིག་དངོས་ནང་འདུས་པའི་ལོ་རྒྱུས་ཀྱི་ཆ་འཕྲིན་སྔོག་འདོན་གང་ལེགས་བྱེད་པ། རིག་དངོས་ལ་བརྟེན་ནས་གནས་ཚུལ་ངོ་མ་གསལ་སྟོན་བྱེད་དགོས། དེ་དང་དུས་མཚུངས་རིག་དངོས་ཐོན་ཁུངས་སྤྱི་ཚོགས་ཡོངས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་ནས་རྒྱ་ཆེའི་སྤྱི་དམངས་ཀྱིས་རིག་དངོས་ཐོན་ཁུངས་ལ་རྒྱུས་མངའ་ལོན་རྒྱུར་སྟབས་བདེ་བསྐྲུན་པ་དང་། རིག་དངོས་ཀྱི་གདིང་གཞི་གསལ་རྟོགས་བྱེད་པའི་རྨང་གཞིའི་ཐོག་བྱེད་ཐབས་ནུས་ལྡན་སྤྱད་དེ་རིག་དངོས་ཀྱི་གསོན་ཤུགས་འཕེལ་བ་དང་སྤྱོད་ཐུབ་པ་བྱེད་དགོས། ལྷོ་ཁ་གྲོང་ཁྱེར་རྟེན་རྫས་བཤམས་མཛོད་ཁང་གི་འགྲེམས་སྟོན་ལས་དོན་ཡག་པོ་བསྒྲུབས་ནས་འགྲེམས་སྟོན་བྱེད་མྱོང་མེད་པའི་རིག་དངོས་རྒྱ་ཆེའི་ལྟ་སྐོར་བར་འགྲེམས་སྟོན་བྱེད་དགོས་པའི་ནན་བཤད་བྱས་པ་རེད།—— ལྷོ་ཁ་གྲོང་ཁྱེར་རིག་གནས་ཅུས(རིག་དངོས་ཅུས)ཀྱི་ཅུས་ཀྲང་གཞོན་པ་བྱམས་པ་ཚེ་རིང་ལ་བཅར་འདྲི་ཞུས་པ།

    ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱི་རིག་དངོས་སྲུང་སྐྱོབ་བྱ་གཞག་ཆུང་བ་ནས་ཆེ་བའི་བར་དང་ཉམས་ཞན་ནས་སྟོབས་ཆེའི་བར་འགྱུར་ལྡོག་བྱུང་སྟེ། “སྲིད་གཞུང་གིས་གཙོ་ཁྲིད་དང་། ལས་རིགས་ཀྱིས་དོ་དམ་གཙོ་བོ་བྱེད་པ། སྡེ་ཚན་གྱིས་རམ་འདེགས་བྱེད་པ། སྤྱི་ཚོགས་ཞུགས་པ། མང་ཚོགས་ཀྱིས་རྒྱབ་སྐྱོར་བྱེད་པ”བཅས་ཀྱི་རིག་དངོས་སྲུང་སྐྱོབ་ཀྱི་རྣམ་པ་གསར་པ་ཞིག་རིམ་གྱིས་གྲུབ་ནས། རིག་དངོས་བྱ་གཞག་རྒྱུན་མཐུད་འཕེལ་རྒྱས་བྱུང་བ་དང་། ཁྱབ་ཁོངས་ཁག་གཅིག་ཏུ་གཞི་ཁྱོན་དང་ཤུགས་རྐྱེན་ངེས་ཅན་ལྡན་ཡོད། རིག་དངོས་ལས་དོན་དང་དཔལ་འབྱོར་དང་སྤྱི་ཚོགས་མཉམ་འདྲེས་བྱེད་ཚད་རྒྱུན་མཐུད་ཟབ་ཏུ་ཕྱིན་པས། རིག་དངོས་བྱ་གཞག་ཉིན་རེ་ལས་མ་འདས་པར་རིག་གནས་སྟོབས་ཆེའི་ལྗོངས་བསྐྲུན་པའི་འདེགས་སྐྱོར་གལ་ཆེན་དུ་གྱུར་ཡོད། དཔལ་འབྱོར་འཕེལ་རྒྱས་མྱུར་པོ་ཡོང་བ་དང་སྤྱི་ཚོགས་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བར་རིག་དངོས་ཀྱིས་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད་ལ། འབུལ་འོས་པའི་ལེགས་སྐྱེས་ཀྱང་ཕུལ་ཡོད། དེར་བརྟེན་གསར་འགོད་པས་ལྷོ་ཁ་གྲོང་ཁྱེར་རིག་གནས་ཅུས(རིག་དངོས་ཅུས)ཀྱི་ཅུས་ཀྲང་གཞོན་པ་བྱམས་པ་ཚེ་རིང་ལ་ཆེད་མངགས་བཅར་འདྲི་ཞུས་པ་ཡིན།

    བྱམས་པ་ཚེ་རིང་གིས། རིག་དངོས་ནི“སྨྲ་ཤེས་པའི་ལོ་རྒྱུས་ལྟ་བུ་རེད”ཡར་ཀླུང་གི་ས་གཞི་ཆེན་པོར་ཁྱབ་པའི་རིག་དངོས་མང་པོར་ཚན་རིག་དང་། སྒྱུ་རྩལ། ཞིབ་འཇུག་བཅས་ཀྱི་རིན་ཐང་ཆེན་པོ་ལྡན་ཡོད། ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་རིག་དངོས་སྲུང་སྐྱོབ་བྱེད་སྐབས་ལོ་རྒྱུས་ལ་བརྩི་འཇོག་དང་སྔར་ཡོད་ཇི་བཞིན་ཉམས་གསོ་བྱེད་པའི་རྩ་དོན་སྔ་བར་ཕྱི་གསུམ་དུ་མཐའ་འཁྱོངས་བྱས་ཏེ། རྣམ་སྲས་གླིང་གཞིས་ཀ་དང་། ཁྲ་འབྲུག་དགོན། དར་རྒྱས་གླིང་དགོན་སོགས་རིག་དངོས་སྲུང་སྐྱོབ་ཚན་པ་མང་པོར་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོབ་དང་ཉམས་གསོ་བྱས་པ་དང་། “ཤིང་ཏ་ལའི་ལོ་མའི་དཔེ་ཆ”དང་དེ་བཞིན་ལོ་རྒྱུས་དང་གསར་བརྗེའི་རིག་དངོས་གཙོ་བོ་སྲུང་སྐྱོང་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་བས་ཧ་ཅང་རྩ་ཆེ་བའི་ལོ་རྒྱུས་ཀྱི་རིག་དངོས་རྗེས་ཤུལ་འབོར་ཆེན་ཞིག་གི་གཟི་བྱིན་སླར་ཡང་འཕྲོ་བར་བྱས་ཡོད་ཅེས་བརྗོད་པ་རེད།

    རིག་དངོས་ནི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། རིག་དངོས་ལས་དོན་སྒྲུབ་སྐབས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་དར་སྤེལ་གཏོང་བ་དང་། མི་དམངས་མང་ཚོགས་ཀྱི་གཞི་རྩའི་རིག་གནས་ཁེ་དབང་འགན་ལེན་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་དགོས། བྱམས་པ་ཚེ་རིང་གིས་སླད་ཕྱིན་ལས་དོན་སྒྲུབ་སྐབས་ལྷོ་ཁ་གྲོང་ཁྱེར་རིག་དངོས་སྡེ་ཚན་གྱིས“སྲུང་སྐྱོང་གཙོ་བོར་བྱེད་པ་དང་། མྱུར་སྐྱོབ་ཨང་དང་པོར་འཇོག་པ། ལུགས་མཐུན་བེད་སྤྱོད་བྱེད་པ། དོ་དམ་ལ་ཤུགས་སྣོན་རྒྱག་པ”བཅས་ཀྱི་རིག་དངོས་ལས་དོན་གྱི་བྱེད་ཕྱོགས་སྔ་བར་ཕྱི་གསུམ་དུ་མཐའ་འཁྱོངས་བྱས་ཏེ། ལོ་རྒྱུས་རྒྱུན་འཛིན་དང་། མི་དམངས་ལ་སློབ་གསོ་གཏོང་བ། སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ། དམངས་འཚོ་ལེགས་སུ་གཏོང་བ་བཅས་ཀྱི་རིག་དངོས་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་ཁྲོད་ཀྱི་རིག་དངོས་ཀྱི་དམིགས་བསལ་ནུས་པ་འདོན་སྤེལ་བྱེད་པ། རིག་དངོས་ནང་འདུས་པའི་ལོ་རྒྱུས་ཀྱི་ཆ་འཕྲིན་སྔོག་འདོན་གང་ལེགས་བྱེད་པ། རིག་དངོས་ལ་བརྟེན་ནས་གནས་ཚུལ་ངོ་མ་གསལ་སྟོན་བྱེད་དགོས། དེ་དང་དུས་མཚུངས་རིག་དངོས་ཐོན་ཁུངས་སྤྱི་ཚོགས་ཡོངས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་ནས་རྒྱ་ཆེའི་སྤྱི་དམངས་ཀྱིས་རིག་དངོས་ཐོན་ཁུངས་ལ་རྒྱུས་མངའ་ལོན་རྒྱུར་སྟབས་བདེ་བསྐྲུན་པ་དང་། རིག་དངོས་ཀྱི་གདིང་གཞི་གསལ་རྟོགས་བྱེད་པའི་རྨང་གཞིའི་ཐོག་བྱེད་ཐབས་ནུས་ལྡན་སྤྱད་དེ་རིག་དངོས་ཀྱི་གསོན་ཤུགས་འཕེལ་བ་དང་སྤྱོད་ཐུབ་པ་བྱེད་དགོས། ལྷོ་ཁ་གྲོང་ཁྱེར་རྟེན་རྫས་བཤམས་མཛོད་ཁང་གི་འགྲེམས་སྟོན་ལས་དོན་ཡག་པོ་བསྒྲུབས་ནས་འགྲེམས་སྟོན་བྱེད་མྱོང་མེད་པའི་རིག་དངོས་རྒྱ་ཆེའི་ལྟ་སྐོར་བར་འགྲེམས་སྟོན་བྱེད་དགོས་པའི་ནན་བཤད་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།