[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>མངོན་མིན་རིག་གནས་ཤུལ་བཞག
  • བྱང་ཆུབ་ཤིང་ལོར་བརྟེན། ཁྲོམ་རའི་གསོན་ཤུགས་འཕེལ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-06

    བྱང་ཆུབ་ཤིང་ལོ་ཆུང་ཆུང་འདི་རིག་གནས་ཆེན་པོའི་ནང་འདྲེན་རྗེས་རིན་ཐང་ལྡབ་བརྒྱ་འཕར་བ་ལས། མང་ཚོགས་དབུལ་པོ་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་ཧ་ཅང་ཆེན་པོ་ཐེབས་པ་མ་ཟད། འཛད་སྤྱོད་ཁྲོམ་ར་ཆེན་པོའི་གསོན་ཤུགས་ཀྱང་འཕེལ་ཡོད། 

    “བྱང་ཆུབ་ཤིང་ལོའི་ཐང་ག”ཞིབ་འཇུག་གསར་སྤེལ་བྱུང་བ་ནི་རང་ལྗོངས་ཀྱིས་རིག་གནས་ཐོན་ལས་འཕེལ་རྒྱས་བཏང་བའི་དཔེ་མཚོན་ཞིག་ཡིན། ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱི་རིག་གནས་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་2013ལོའི་སྒོར་དུང་ཕྱུར་24.24ནས་2018ལོའི་སྒོར་དུང་ཕྱུར་46བར་འཕར་བ་དང་། འཕར་ཚད་ལོ་ལྔ་བསྟུད་མར་10%ཡན་ཟིན་པ་མ་ཟད། རིག་གནས་ཐོན་ལས་འཕེལ་རྒྱས་མྱུར་པོ་འགྲོ་བའི་དགའ་བ་སྐྱེ་འོས་པའི་རྣམ་པ་ཞིག་ཀྱང་ཐོན་ཡོད། 

    རིག་གནས་ཐོན་ལས་གངས་ལྗོངས་ས་མཐོ་ཡོངས་ལ་ཁྱབ་ཅིང་། རིག་གནས་ཐོན་ལས་ཀྱིས་བོད་ཀྱི་རིག་གནས་སྲུང་སྐྱོང་ནུས་ལྡན་དང་རྒྱུན་འཛིན་ཡག་པོ་བྱས་པ་དང་ཆབས་ཅིག དེའང་བོད་ཀྱི་རིག་གནས་འཛམ་གླིང་ཕྱོགས་སུ་བསྐྱོད་པའི་གཞི་རྟེན་ཞིག་ཏུ་གྱུར་ཡོད། དེ་ལས་མི་སེར་སྔར་བས་མང་བ་ཞིག་ཐོན་ལས་འཕེལ་རྒྱས་ནང་ཞུགས་རྒྱུ་བྱུང་ནས་ལས་ཞུགས་ཐུབ་པ་དང་ཡོང་འབབ་མང་དུ་སོང་བ་མ་ཟད། དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རམ་འདེགས་ཀྱང་ཐུབ་ཡོད། 

    མིག་སྔར་མི་དམངས་མང་ཚོགས་ཀྱི་བསམ་པ་དང་རིག་གནས་ཀྱི་དགོས་མཁོ་ཉིན་རེ་ལས་ཉིན་རེ་མ་འདས་པར་ཆེ་རུ་སོང་སྟབས། རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུ་དེ་དུས་རབས་ཀྱི་བླང་བྱ་དང་མི་དམངས་ཀྱི་རེ་འདུན་ཞིག་ཏུ་གྱུར་ཡོད། བོད་ནི་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོང་བྱེད་ཡུལ་ཞིག་ཡིན། ཉེ་བའི་ལོ་ཤས་རིང་ཀྲུང་ཧྭའི་རིག་གནས་ཀྱི་ཆ་ཤས་དང་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་བོད་ཀྱི་རིག་གནས་ལ་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བའི་དགའ་བསུ་ཐོབ་ནས་དེས་བོད་ཀྱི་རིག་གནས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུར་གོ་སྐབས་གསར་པ་ཞིག་ཐོབ་ཡོད་ལ་ཁྲོམ་ར་གསར་པ་ཞིག་ཀྱང་གསར་འབྱེད་ཐུབ་རྒྱུ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།