[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>མངོན་མིན་རིག་གནས་ཤུལ་བཞག
  • ལྷ་ས་གྲོང་ཁྱེར་དུ་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པའི་གྲངས་འབོར་16ཟིན་པ།

  • ཡོང་ཁུངས།   ཤིན་ཧྭ་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-27

    ཉེ་ཆར་གསར་འགོད་པར་བོད་ལྗོངས་ལྷ་ས་གྲོང་ཁྱེར་རིག་དངོས་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་ལྷ་ས་གྲོང་ཁྱེར་དུ་གནའ་ཤུལ་དང་གནའ་བོའི་བཟོ་སྐྲུན་སོགས་གནས་སྤོ་མི་ཆོག་པའི་རིག་དངོས་ས་ཚིགས་934ཡོད་པ་དང་། དེའི་ཁྲོད་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པའི་གྲངས་འབོར་16ཟིན་ཡོད།

    བོད་ལྗོངས་ལྷ་ས་གྲོང་ཁྱེར་རིག་དངོས་ཅུས་རིག་དངོས་ཁོའོ་ཡི་ཁོའོ་ཀྲང་མིག་དམར་ཚེ་རིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་ལྷ་སར་རིགས་ཁག་གི་གནས་སྤོ་མི་ཆོག་པའི་རིག་དངོས་ས་ཚིགས་ནང་རིམ་པ་ཁག་གི་རིག་དངོས་སྲུང་སྐྱོང་ཚན་པ་303ཡོད་ཅིང་། དེའི་ཁྲོད་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ་16དང་། རང་སྐྱོང་ལྗོངས་རིམ་པའི་རིག་དངོས་སྲུང་སྐྱོང་ཚན་པ་110 གྲོང་ཁྱེར(རྫོང)རིམ་པའི་རིག་དངོས་སྲུང་སྐྱོང་ཚན་པ་177བཅས་ཡོད།

     

    138073534_15583184977281n.jpg

    འདི་ནི་ཕོ་བྲང་པོ་ཏ་ལའི་ཡུལ་ལྗོངས་ཡིན། (2018ལོའི་ཟླ་11ཚེས་15ཉིན་མི་མེད་གནམ་གྲུས་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས།

    ལྷ་ས་གྲོང་ཁྱེར་ལ་ད་ཆ་ཕོ་བྲང་པོ་ཏ་ལ་དང་གཙུག་ལག་ཁང་། ནོར་བུ་གླིང་ཁ་སོགས་འཛམ་གླིང་རིག་གནས་ཤུལ་བཞག་ཡོད། གཞན་ཡང་བར་སྐོར་ཁྲོམ་གཞུང་ནི་རྒྱལ་ཡོངས་ཀྱི་ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་ཁྲོམ་གཞུང་ཡིན་པ་དང་སྙེ་མོ་རྫོང་ཐོན་པ་ཤང་ཐོན་མདའ་གྲོང་ཚོ་ནི་རྒྱལ་ཡོངས་ཀྱི་ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་གྲོང་ཚོ་རེད།

    མིག་དམར་ཚེ་རིང་གིས། རྒྱལ་ཁབ་ཀྱིས་བོད་ཀྱི་རིག་དངོས་སྲུང་སྐྱོབ་ལས་དོན་ལ་ཐོག་མཐའ་བར་གསུམ་དུ་མཐོང་ཆེན་གནང་གི་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར་1.2བཏང་ནས་རིག་དངོས་ཀྱི་དུས་བདེའི་ལས་གྲྭའི་རྣམ་གྲངས་ཁག་6ལག་བསྟར་བྱས་ནས། བོད་ཀྱི་དགོན་སྡེ་དང་བཟོ་བཀོད་ལ་སྲུང་སྐྱོང་དང་ཉམས་བཟོ་བྱེད་པ་དང་། སྔོན་དཔག་བྱས་ན་ལོ་མཇུག་སྐབས་ཚང་མ་ལེགས་འགྲུབ་ཡོང་རྒྱུ་རེད་ཅེས་བསྟན་གནང་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།