[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>མངོན་མིན་རིག་གནས་ཤུལ་བཞག
  • ཧྲེན་ཀྲེན་གྱི་རིག་གནས་དངོས་མང་སྟོན་ཚོགས་སྐབས་བཅོ་ལྔ་པ་མཇུག་འགྲིལ་བ།

    བོད་ཀྱི་འགྲེམས་ཁང་ལ་བྱ་དགའ་གཉིས་ཐོབ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-22

    ཚེས་20ཉིན་ཀྲུང་གོ་རྒྱལ་སྤྱིའི་རིག་གནས་ཐོན་ལས་དངོས་མང་ཉོ་ཚོང་འདུ་ཚོགས་སྐབས་བཅོ་ལྔ་པ་ཧྲེན་ཀྲེན་དུ་མཇུག་འགྲིལ་བ་དང་བོད་ལྗོངས་འགྲེམས་ཁང་ལ་ཕུལ་བྱུང་གི་འགྲེམས་སྟོན་བྱ་དགའ་དང་ཕུལ་བྱུང་སྒྲིག་འཛུགས་བྱ་དགའ་རག་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། དེ་ནི་ད་བར་ཧྲེན་ཀྲེན་རིག་གནས་དངོས་མང་སྟོན་ཚོགས་ལ་ཐེངས་14ཞུགས་མྱོང་བའི་བོད་ཀྱི་འཐུས་མི་ཚོགས་པར་ལོ་མང་བསྟུད་མར་དམིགས་བསལ་གྱི་གཟི་བརྗིད་མཚན་སྙན་ཐོབ་པ་ཞིག་རེད། སྟོན་ཚོགས་ཉིན་ལྔ་འཚོགས་རིང་བོད་ལྗོངས་འགྲེམས་ཁང་གིས་གཟུགས་བརྙན་འགྲེམས་སྟོན་དང་། ཐོན་རྫས་འགྲེམས་ཚོང་། རྣམ་གྲངས་འོས་སྦྱོར་ངོ་སྤྲོད་སོགས་བརྒྱུད་ཕྱི་ཕྱོགས་ལ་བོད་ཀྱི་བརྗིད་ཆགས་ཤིང་ཡིད་དུ་འོང་བའི་རང་བྱུང་མཛེས་ཉམས་དང་དམིགས་བསལ་ཁྱད་ཆོས་ལྡན་པའི་མི་ཆོས་དང་ཡུལ་ལྗོངས་དང་དེ་བཞིན་བོད་ཀྱི་རིག་གནས་སྒྱུར་བཅོས་འཕེལ་རྒྱས་ཀྱི་གཡུར་ཟའི་གྲུབ་འབྲས་དྲིལ་བསྒྲགས་བྱས་པ་དང་རྒྱལ་ཡོངས་ས་ཕྱོགས་ཁག་གི་ལྟ་སྐོར་བར་གཙོ་གནད་ཐོག་བོད་ཀྱི་དམིགས་བསལ་རིག་གནས་ཡུལ་སྐོར་ཐོན་ཁུངས་དང་རིག་གནས་བསམ་བཀོད་ཐོན་རྫས་འོས་སྦྱོར་ངོ་སྤྲོད་བྱས་པ་རེད། 

    གཞན་ཡང་ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་རིག་གནས་དངོས་མང་སྟོན་ཚོགས་ཐོག་བོད་ཀྱི་ཁེ་ལས་ཡུས་ཧྲང་ཧོ་མེ་རིག་གནས་ཡུལ་སྐོར་མ་རྐང་ཚད་ཡོད་ཀུང་སི་སླར་ཡང་རང་རྒྱལ་གྱི་རིག་གནས་ཐོན་ལས་ཁྱབ་ཁོངས་ཀྱི་དབང་གྲགས་ཆེ་ཤོས་ལྡན་པའི“རྒྱལ་ཡོངས་ཀྱི་རིག་གནས་ཁེ་ལས་སྟོབས་ཆེན་30”ཡི་མིང་ཐོའི་ནང་ཚུད་དེ་སྐབས་གཉིས་བསྟུད་མར་དཔྱད་འདེམས་བྱེད་སྒོ་དེའི་ནང་ཚུད་པའི་བོད་ཀྱི་རིག་གནས་ཁེ་ལས་གཅིག་པུ་དེར་གྱུར་ཡོད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།