[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>མངོན་མིན་རིག་གནས་ཤུལ་བཞག
  • རིག་གནས་ཀྱི་འཇམ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ལུའུ་ལི་ཅོན།    |    སྤེལ་དུས།   2019-04-24

    འདས་ཟིན་པའི་ལོ་གཅིག་ནང་། ལྷ་ས་གྲོང་ཁྱེར་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཙོ་རྐང་དུ་བཟུང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རིག་གནས་ཀྱི་འདེགས་སྐྱོར་དང་འགན་ལེན་བྱས་པས་གྲོང་ཁྱེར་ཡོངས་ཀྱི་རིག་གནས་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་པ་དང་འཕེལ་རྒྱས་གསར་པ་བྱུང་ཡོད།

    སྨྱུག་འཛིན་པས་ངོས་འཛིན་བྱས་དོན། རིག་གནས་ཀྱི་ལས་དོན་སྤེལ་རིང་། རིག་གནས་དམངས་ཕན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་སྤྱི་པའི་རིག་གནས་ཀྱི་ཞབས་ཞུའི་ལས་ཕྱོད་སྔར་བས་ཆེ་རུ་གཏོང་དགོས། སྤྱི་པའི་རིག་གནས་ཀྱི་ཞབས་ཞུའི་མ་ལག་བསྐྲུན་པའི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་བཏང་ནས་དབུལ་སྐྱོར་འགག་སྒྲོལ་དང་ཟུང་འབྲེལ་བྱེད་པ་དང་། གཞི་རིམ་གྱི་རིག་གནས་མཁོ་འདོན་གྱི་འཇོན་ཐང་ཆེ་རུ་རྒྱུན་ཆད་མེད་པར་བཏང་ནས《སྤྱི་པའི་རིག་གནས་ཞབས་ཞུ་འགན་ལེན་བཅའ་ཁྲིམས》དང་། 《སྤྱི་པའི་དཔེ་མཛོད་ཁང་གི་བཅའ་ཁྲིམས》ཕྱོགས་ཡོངས་ནས་དོན་འཁྱོལ་གྱིས་ས་ཁོངས་དབར་དང་གྲོང་ཁྱེར་དང་གྲོང་གསེབ་དབར་གྱི་སྤྱི་པའི་རིག་གནས་ཞབས་ཞུ་དོ་སྙོམས་དང་མཐུན་སྦྱོར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།

    གཞི་རིམ་གྱི་ཞབས་ཞུའི་རང་བཞིན་གྱི་རིག་གནས་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་མྱུར་བཏང་ནས་སྲིད་གཞུང་གིས་སྤྱི་པའི་རིག་གནས་ཞབས་ཞུ་ཉོ་སྒྲུབ་བྱེད་པ་སོགས་ཀྱི་སྤྱོད་གོ་ཆོད་པའི་བྱ་ཐབས་སྤྱོད་པར་བརྟེན་པ་དང་། འཚོལ་ཞིབ་དང་གསར་གཏོད་ཧུར་ཐག་བྱས་ཏེ་སྤྱི་པའི་རིག་གནས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། རིག་གནས་དམངས་ཕན་གྱི་འདུ་འགོད་ལག་ལེན་གཏིང་ཟབ་བསྟར་ནས་མང་ཚོགས་ཀྱི་རིག་གནས་ཀྱི་དགོས་མཁོར་ཞིབ་འཇུག་བྱེད་པ་དང་། སྤྱི་པའི་རིག་གནས་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ནས“རིག་གནས་དམངས་ཕན་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་པ”སོགས་ཀྱི་མང་ཚོགས་ཀྱི་རིག་གནས་བྱེད་སྒོ་མུ་མཐུད་སྤེལ་བ་དང་འཁྲབ་སྟོན་མུ་མཐུད་བྱེད་དགོས།

    ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་གྱི་མ་ལག་འཛུགས་སྐྲུན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་རིག་དངོས་ཤུལ་བཞག་སྲུང་སྐྱོབ་ཀྱི་ཕན་འབྲས་སྔར་བས་ཆེ་རུ་གཏོང་དགོས། རིག་དངོས་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་ནས་འགན་ནུས་སྡེ་ཚན་ཁག་ཞུགས་པའི་རིག་དངོས་བདེ་འཇགས་དོ་དམ་ལས་དོན་གྱི་ལམ་སྲོལ་འཛུགས་པ་དང་ཆབས་ཅིག་འཐུས་སྒོ་ཚང་དུ་གཏོང་བ་དང་། རིག་དངོས་དང་སྤྱི་བདེ་སྡེ་ཚན་གྱི་མཐུན་སྦྱོར་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ། བྱ་ཐབས་ཁག་དོན་འཁྱོལ་ཏན་ཏིག་ཐུབ་པའི་འགན་ལེན་བཅས་བྱས་ནས་རིག་དངོས་ཀྱི་བདེ་འཇགས་སྐོར་ཞིབ་ལམ་ལུགས་ཅན་གྱི་ཕུགས་ཕན་ལམ་སྲོལ་ཆགས་པར་བྱེད་དགོས།

    རིག་གནས་སྲུང་སྐྱོང་དང་སྤྱི་པའི་ཞབས་འདེགས་རྒྱལ་ཡོངས་ཀྱི་སློབ་གསོ་དང་ཟུང་འབྲེལ་དང་། ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དང་ཟུང་འབྲེལ། ཐོན་ལས་འཕེལ་རྒྱས་དང་ཟུང་འབྲེལ། དབུལ་སྒྲོལ་འགག་སྒྲོལ་དང་ཟུང་འབྲེལ། དམངས་འཚོ་ལེགས་གཏོང་དང་ཟུང་འབྲེལ་བཅས་ལ་མུ་མཐུད་སྐུལ་འདེད་བཏང་ནས་རིག་དངོས་སྲུང་སྐྱོང་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ལག་ལེན་ནང་མཉམ་འདྲེས་བྱས་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་རིག་དངོས་སྲུང་སྐྱོབ་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པར་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།