[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>མངོན་མིན་རིག་གནས་ཤུལ་བཞག
  • བོད་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་མང་པོ་ཞིག་ཀྲུང་གོའི་མངོན་མིན་རིག་གནས་ཤུལ་བཞག་གི་དངོས་མང་སྟོན་ཚོགས་སྐབས་ལྔ་པའི་ཐོག་བཏོན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-09-27

    ཉེ་ཆར“ཉམས་མེད་རྒྱུན་འཛིན་དང་གསོན་ཤུགས་མངོན་པར་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་ཀྲུང་གོའི་མངོན་མིན་རིག་གནས་ཤུལ་བཞག་གི་དངོས་མང་སྟོན་ཚོགས་སྐབས་ལྔ་པ་ཧྲན་ཏུང་ཅིས་ནན་དུ་གཉེར་བ་རེད། རང་ལྗོངས་ནས་མངགས་པའི་མི་24ལས་གྲུབ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་མང་པོ་ཞིག་སྐབས་འདིའི་མངོན་མིན་རིག་གནས་ཤུལ་བཞག་གི་དངོས་མང་སྟོན་ཚོགས་ཐོག་བཏོན་ནས་འགྲེམས་ཁང་གཙོ་བོའི་འགྲེམས་སྟོན་བྱེད་སྒོ་དང་། མངོན་མིན་རིག་གནས་ཤུལ་བཞག་སྡེ་ཁུལ་དུ་འགྲེམས་འཁྲབ་བྱེད་པའི་བྱེད་སྒོ སྲོལ་རྒྱུན་གྱི་བཟོ་རྩལ་འགྲན་བསྡུར་བཅས་ལ་ཞུགས་ཡོད། དེའི་ནང་རང་ལྗོངས་ཀྱིས་མངགས་པའི་རང་སྐྱོང་ལྗོངས་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ནོར་བུར་སྲོལ་རྒྱུན་བཟོ་རྩལ་འགྲན་བསྡུར་གྱི་འཚེམ་དྲུབ་རིགས་ཀྱི་རྣམ་གྲངས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།