[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>མངོན་མིན་རིག་གནས་ཤུལ་བཞག
  • སྐབས་བདུན་པའི་ཞང་ཞུང་རིག་གནས་ཡུལ་སྐོར་དུས་ཆེན་ཐོག་མངའ་རིས་ས་ཁུལ་གྱིས་རྣམ་གྲངས་ཁག་བཅུ་དགུ་ལ་གན་རྒྱ་བཞག་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-08-03

    ཉེ་ཆར། སྐབས་བདུན་པའི་ཞང་ཞུང་རིག་གནས་ཡུལ་སྐོར་དུས་ཆེན་གྱི་ཚོང་འགུག་མ་འདྲེན་ངོ་འཕྲད་གྲོས་མོལ་ཚོགས་འདུའི་ཐོག་མངའ་རིས་ས་ཁུལ་གྱིས་མ་འཇོག་མཁན་ཕྱོགས་དང་རྣམ་གྲངས་19ཡི་གན་རྒྱ་བཞག་པར་ཁྱོན་མ་འཇོག་སྒོར་དུང་ཕྱུར་6.05ཟིན་པའི་གཏམ་བཟང་གྲགས་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གན་རྒྱ་བཞག་པའི་རྣམ་གྲངས་ཁག་19དེ་མངའ་རིས་ས་ཁུལ་དང་། སྒར། སྤུ་ཧྲེང་། རྩྭ་མདའ། རུ་ཐོག དགེ་རྒྱས། མཚོ་ཆེན་བཅས་རྫོང་6ལ་ཁྱབ་པ་དང་དེ་ཞིང་འབྲོག་དང་། བཟོ་ལས། རིག་གནས། ཡུལ་སྐོར། ནུས་རྒྱུ། ཚོང་དོན་འགྲོ་རྒྱུག འགྲིམ་འགྲུལ་སྐྱེལ་འདྲེན་སོགས་དང་འབྲེལ་བ་ཡོད་པ་རེད། དེའི་ནང་མངའ་རིས་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡིས་བོད་ལྗོངས་རྒྱལ་སྤྱིའི་ཡུལ་སྐོར་རིག་གནས་མ་འཇོག་ཚོགས་པ་ཚད་ཡོད་ཀུང་སི་དང《མངའ་རིས་ས་ཁུལ་བོད་ལྗོངས་རྒྱལ་སྤྱིའི་ཡུལ་སྐོར་རིག་གནས་མ་འཇོག་ཚོགས་པ་ཚད་ཡོད་ཀུང་སིའི་ཡུལ་སྐོར་རིག་གནས་ཐོན་ཁུངས་གསར་སྤེལ་གྱི་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན》བཞག་པ་དང་། སླད་ཕྱིན་ལོ་ལྔའི་ནང་མངའ་རིས་མཛེས་ལྗོངས་ཁུལ་འཛུགས་སྐྲུན་དང་ཞབས་ཞུའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་ནས་ཡུལ་སྐོར་ལས་རིགས་མགྱོགས་མྱུར་འཕེལ་རྒྱས་གཏོང་རྒྱུར་སྣེ་ཁྲིད་ཐུབ་པའི་འཆར་གཞི་ཡོད་པ་རེད། ད་དུང་རུ་ཐོག་དང་རྩྭ་མདའ་རྫོང་གཉིས་ཀྱིས་ཁག་སོ་སོར་ཀུང་སི་དེ་དང་མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར་2དང་སྒོར་དུང་ཕྱུར་1.25ཟིན་པའི《འཛམ་གླིང་སྣེ་གསུམ་པའི་རྒྱལ་ཁབ་སྤྱི་གླིང་མངའ་རིས་རོང་ཆེན་ཡུལ་སྐོར་ཁུལ་གསར་སྤེལ་གྱི་གྲོས་མཐུན》བཞག་པ་དང་། མ་འཇོག་དེ་ད་ཐེངས་ཁེར་རྐྱང་རྣམ་གྲངས་གན་འཇོག་གི་ཨང་དང་པོ་དང་གཉིས་པར་སླེབས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།