[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>མངོན་མིན་རིག་གནས་ཤུལ་བཞག
  • འཕྱོངས་རྒྱས་ཀྱི་ལྷ་ཡུལ་གཞས་ཆེན་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-12-30

    466152_yis_1514364316900_s.jpg

    སྟངས་སྟབས་མཛེས་པའི་གཞས་ཆེན་འཁྲབ། སྲོལ་རྒྱུན་རིག་གནས་གོང་དུ་སྤེལ། 

    གཞས་ཆེན་ཞེས་པ་སྔོན་མ་དཔོན་གནས་་འགན་བཞེས་དང་། སྤྲུལ་སྐུ་ཁྲི་གསོལ། སྡོད་གནས་གསར་སྤོ། བག་མ་བསུ་ལེན་སོགས་རྟེན་འབྲེལ་དང་མཛད་སྒོ་གལ་ཆེན་འཚོག་པའི་སྐབས་འཁྲབ་སྟོན་བྱེད་ཅིང་། མི་རྣམས་ཀྱིས་དེར“བཀྲ་ཤིས་བྲོ་གར”ཞེས་འབོད་ཀྱི་ཡོད། གཞས་ཆེན་གྱི་གཞས་མ་དང་གཞས་པ་ཧ་ལམ་དུས་རབས་བརྒྱད་པའི་ནང་བྱུང་ཡོད། གཞས་མ་བྱུང་བའི་རྨང་གཞིའི་ཐོག་དམངས་ཁྲོད་ཀྱི་བྲོ་གར་ཏེ། སྒོར་གཞས་ནས་ཉམས་མྱོང་སོགས་བླངས་ནས་གཞས་ཆེན་ཞེས་པའི་འཁྲབ་སྟོན་སྒྱུ་རྩལ་གྱི་རྣམ་པ་ཆ་ཚང་པོ་ཞིག་ཆགས།

    གཞས་ཆེན་དེང་སྐབས་ལྷོ་ཁ་གྲོང་ཁྱེར་གྱི་རྫོང་12སུ་དར་ཁྱབ་བྱུང་ཞིང་། ས་གནས་འགའ་ཞིག་གིས་དེར“སྐྱིད་གླུ”དང་། “སྟེར་གླུ” “འཁྲུངས་གཞས” “གཞས་དབང”སོགས་འབོད་པ་དང་འཕྱོངས་རྒྱས་རྫོང་གིས་གཞས་ཆེན་ཞེས་འབོད་ཀྱི་ཡོད། འཕྱོངས་རྒྱས་ཀྱི་དམིགས་བསལ་ལོ་རྒྱུས་ལས་གཞས་ཆེན་འཕེལ་རྒྱས་གཏོང་བའི་ཐད་རྨང་གཞི་བརྟན་པོ་བཏིངས་ནས་ཁྱད་དུ་འཕགས་པའི་འཕྱོངས་རྒྱས་ཀྱི་ལྷ་ཡུལ་གཞས་ཆེན་ཞེས་པ་གྲུབ་ཡོད།

    2007ལོར་བོད་རང་སྐྱོང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ཁག་གཉིས་པའི་མིང་གཞུང་དུ་བཅུག་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།