[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>མངོན་མིན་རིག་གནས་ཤུལ་བཞག
  • བོད་ལ་ད་ཆ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་རང་བཞིན་གྱི་རྣམ་གྲངས་ཁག་89ཡོད་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2017-12-22

     ཚེས་19ཉིན། གསར་འགོད་པར་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་ནས་ཤེས་རྟོགས་བྱུང་བར། བོད་རང་སྐྱོང་ལྗོངས་ལ་ད་ཆ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་རང་བཞིན་གྱི་རྣམ་གྲངས་ཁག་89དང་རྒྱལ་ཁབ་རིམ་པའི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པ་68ཡོད་པ་དང་ཆབས་ཅིག རང་སྐྱོང་ལྗོངས་དང་། གྲོང་ཁྱེར(ས་ཁུལ) རྫོང་བཅས་རིམ་གསུམ་གྱི་ཚབ་མཚོན་རང་བཞིན་གྱི་རྣམ་གྲངས་བསྡོམས་ཁག་1765དང་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པ་800ལྷག་བདམས་ཐོན་བྱུང་ནས། མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ་རེད།

    བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གི་ཐིང་ཀྲང་གཞོན་པ་ཀྲོའུ་ཧུང་དབྱང་གིས་ངོ་སྤྲོད་བྱས་དོན། བོད་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོང་ཁུལ་གལ་ཆེན་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་དམིགས་ཚད་ལ་དམ་པོར་དམིགས་ཏེ། “སྲུང་སྐྱོང་གཙོ་བོ་དང་། མྱུར་སྐྱོབ་ཨང་དང་པོ། བེད་སྤྱོད་ལུགས་མཐུན། རྒྱུན་འཛིན་འཕེལ་རྒྱས”བཅས་ཀྱི་ལས་ཀའི་བྱེད་ཐབས་མཐའ་འཁྱོངས་ཀྱིས་མིང་གཞུང་འཛུགས་པ་དང་། ཉམས་མེད་རྒྱུན་འཛིན། བེད་སྤྱོད་ལུགས་མཐུན། དོ་དམ་ལ་ཤུགས་སྣོན་བཅས་ཐད་ཤུགས་སྣོན་བརྒྱབ་ནས། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་། རྒྱུན་འཛིན། འཕེལ་རྒྱས་བཅས་ཀྱི་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་བར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།