[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>མངོན་མིན་རིག་གནས་ཤུལ་བཞག
  • ཀྲུང་གོ་ཁྲེང་ཏུའུ་རྒྱལ་སྤྱིའི་མངོན་མིན་རིག་གནས་ཤུལ་བཞག་དུས་ཆེན་འགོ་ཚུགས་པ།

    ལིའུ་ཞའོ་ཕུང་དང་། ལུའོ་ཧྲུའུ་ཀང་། དབྱི་ལི་བཅས་ཀྱིས་བོད་ལྗོངས་འགྲེམས་ཁང་ལ་ལྟ་སྐོར་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-06-12

    ཚེས་10ཉིན་གྱི་སྔ་དྲོ་ཀྲུང་གོ་ཁྲེང་ཏུའུ་རྒྱལ་སྤྱིའི་མངོན་མིན་རིག་གནས་ཤུལ་བཞག་དུས་ཆེན(གཤམ་ལ“རྒྱལ་སྤྱིའི་མངོན་མིན་རིག་གནས་ཤུལ་བཞག་དུས་ཆེན”ཞེས་བསྡུ་རྒྱུ)སྐབས་དྲུག་པ་དང་2017ལོའི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི”རིག་གནས་པུའི་ཚོགས་ར་གཙོ་བོའི་བྱེད་སྒོ་འགོ་ཚུགས་མཛད་སྒོ་ཁྲེང་ཏུའུ་རྒྱལ་སྤྱིའི་མངོན་མིན་རིག་གནས་ཤུལ་བཞག་གི་དངོས་མང་སྟོན་ཚོགས་གླིང་དུ་གཟབ་རྒྱས་ངང་གཉེར་བ་རེད།

    རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིའུ་ཞའོ་ཕུང་དང་། རིག་གནས་པུའི་པུའུ་ཀྲང་ལུའོ་ཧྲུའུ་ཀང་། སི་ཁྲོན་ཞིང་ཨུད་ཀྱི་ཧྲུའུ་ཞི་གཞོན་པ་ཧྲེང་ཀྲང་དབྱི་ལི། རིག་གནས་པུའི་པུའུ་ཀྲང་གཞོན་པ་ཞང་ཀྲའོ་ལུན་དང་ཏིང་ཝུའེ་འགོ་ཚུགས་མཛད་སྒོར་ཕེབས་པ་མ་ཟད། བོད་ལྗོངས་འགྲེམས་ཁང་དུ་ལྟ་སྐོར་གནང་བ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་བདེ་སྐྱིད་ལྷན་དུ་ཕེབས་ཡོད་པ་རེད།

    བོད་ལྗོངས་འགྲེམས་ཁང་གི་གསོ་བ་རིག་པའི་འཛུལ་སྒོའི་འགྲམ་དུ་བདེ་སྐྱིད་ཀྱིས་ལིའུ་ཞའོ་ཕུང་དང་། ལུའོ་ཧྲུའུ་ཀང་། དབྱི་ལི་བཅས་པར་མཇལ་དར་སྒྲོན་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་བཀའ་དྲིན་ཆེ་ཞུ་སེམས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་སྨོན་འདུན་བཟང་པོ་ཞུ་སེམས་མཚོན་པར་གནང་བ་རེད། ལིའུ་ཞའོ་ཕུང་དང་། ལུའོ་ཧྲུའུ་ཀང་། དབྱི་ལི་བཅས་ཀྱིས་ལས་དོན་མི་སྣས་གསོ་བ་རིག་པར་འགྲེལ་བཤད་ཞིབ་ཚགས་བརྒྱབ་པ་ནན་ཏན་ངང་གསན་ཞོར་དུ་འགྲེམས་ཁང་ནང་གི་གསོ་བ་རིག་པའི་ལོ་རྒྱུས་ཀྱི་འབྱུང་རིམ་དང་། 《རྒྱུད་བཞི》 གསོ་བ་རིག་པའི་རྨང་གཞིའི་རིག་ལམ་དང་ལྟེ་བའི་རིན་ཐང་སོགས་ཀྱི་འགྲེམས་པང་ལ་གཟིགས་ཏེ་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་དང་ལྷག་པར་དུ་གསོ་བ་རིག་པ་སྲུང་སྐྱོབ་དང་། རྒྱུན་འཛིན། འཕེལ་རྒྱས་བཅས་ཀྱི་ལས་དོན་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པར་ཁས་ལེན་གང་ལེགས་གནང་བ་རེད།

    བདེ་སྐྱིད་ཀྱིས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྔ་བར་ཕྱི་གསུམ་དུ་ལྗོངས་ཡོངས་ཀྱི་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་གི་ཡོད། འདི་ལོ་གསོ་བ་རིག་པ་རྒྱལ་སྤྱིའི་མངོན་མིན་རིག་གནས་ཤུལ་བཞག་དུས་ཆེན་ལ་ཐོག་མར་ཞུགས་དོན་ནི་རྒྱལ་སྤྱིའི་འགྲེམས་ཚོགས་ལ་བརྟེན་ནས་རྒྱལ་ཁབ་ཕྱི་ནང་གི་ལས་རིགས་ཁག་གི་མི་སྣས་གསོ་བ་རིག་པར་ཕྱོགས་ཡོངས་དང་། གཏིང་ཟབ། ཐད་ཀར་བཅས་ཀྱི་སྒོ་ནས་ཤེས་རྟོགས་དང་གསོ་བ་རིག་པའི་རྒྱ་ཆེ་ལ་གཏིང་ཟབ་པའི་རིག་གནས་ཀྱི་ནང་དོན་ཁྱོན་ཡོངས་ནས་རྒྱུས་མངའ་ལོན་པ་བྱ་ཆེད་ཡིན་ཞེས་ངོ་སྤྲོད་གནང་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་སྤྱིའི་མངོན་མིན་རིག་གནས་ཤུལ་བཞག་དུས་ཆེན་2007ལོ་ནས་གཉེར་འགོ་ཚུགས་ཤིང་། རིག་གནས་པུའུ་དང་། སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་། ཀྲུང་གོ་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་རྒྱལ་ཡོངས་ཨུ་ལྷན་དང་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་ཞིག་རེད། སྐབས་འདིའི་རྒྱལ་སྤྱིའི་མངོན་མིན་རིག་གནས་ཤུལ་གཞག་དུས་ཆེན་ཐོག“རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་གསོན་ཉམས་དོད་པའི་ལག་ལེན་དངོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། རྒྱལ་ཁབ་100ལྷག་ཙམ་གྱི་རྒྱལ་སྤྱིའི་གྲོགས་པོ་500ལྷག་ཙམ་སྐབས་འདིའི་རྒྱལ་སྤྱིའི་མངོན་མིན་རིག་གནས་ཤུལ་བཞག་དུས་ཆེན་གྱི་སྤེལ་རེས་དང་འགྲེམས་སྟོན་བྱེད་སྒོར་ཞུགས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།