[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>མངོན་མིན་རིག་གནས་ཤུལ་བཞག
  • ཉིང་ཁྲིས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་པའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ།

  • ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་གསར་འགྱུར་ལྟེ་གནས།    |    རྩོམ་པ་པོ།      |    སྤེལ་དུས།   2017-04-17

    ཉེ་བའི་ལོའི་ནང་།  ཉིང་ཁྲི་གྲོང་ཁྱེར་གྱིས་མངོན་མིན་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་བྱེད་པའི་ལས་དོན་ལ་མཐོང་ཆེན་བྱས་པས་མངོན་མིན་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་བྱེད་པའི་ལས་དོན་རྒྱུན་གཏན་ཅན་དང་རྒྱུན་རྣམ་ཅན་གྱི་སྒོ་ནས་སྤེལ་ཐུབ་པ་བྱུང་ཡོད།

    ད་བར།  ཉིང་ཁྲིར་ལྷོ་པའི་མེས་པོའི་ངག་རྒྱུན་དང་རྫ་ཡུལ་ཏེང་པའི་ཤ་འབྲས།  ཀོང་པོའི་མདའ་གླུ།  སྤོ་བྲོ་སོགས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག ༤ དང་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག ༤༡  གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག ༦༡  རྫོང་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག ༡༠༡ བཅས་ཡོད།

    ཉིང་ཁྲིའི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་རྒྱུན་འཛིན་ཐད་དེ་སྔ་སྲིད་གཞུང་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་པ་ནས།  སྲིད་གཞུང་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་ལེགས་ལམ་བཟང་འཁོར་གྱི་ཁྲོམ་རའི་གཉེར་སྐྱོང་ཟུང་འབྲེལ་བྱེད་རྒྱུར་གྱུར་ཏེ་ཐུན་མོང་ཐོག་རིག་གནས་གོང་འཕེལ་གྱི་ལམ་སྲོལ་ཧུར་ཐག་གཏོད་ཡོད་པ་དང༌།  མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་རྫས་ཀྱང་དེ་སྔའི་སྟབས་བདེའི་ལས་སྣོན་ནས་སྤུས་ཚད་ལེགས་པའི་རྒྱུན་མཁོའི་འཚོ་བའི་མཁོ་ཆས་སུ་གྱུར་ཏེ།  འཛད་སྤྱོད་པའི་དགའ་པོ་བྱེད་ཡུལ་དུ་གྱུར་བ་མ་ཟད་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལས་ཀའི་ཁྲོད་ནུས་ལྡན་སྲུང་སྐྱོབ་དང་ལུགས་མཐུན་གོང་འཕེལ།  གཞན་བརྟེན་དང་རང་རྐྱ་འཕེར་བ་སོགས་ཀྱི་མངོན་གསལ་དོད་པའི་འགལ་ཟླ་དང་གནད་དོན་ཐག་གཅོད་བྱས་ཡོད་པས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་སྤྱི་ཚོགས་ཕན་འབྲས་དང་དཔལ་འབྱོར་ཕན་འབྲས་ཆེ་རུ་ཕྱིན་ཡོད། །

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།