[ English ] [ 中文 ]
0891-6325020
དབུ་ཤོག>པར་མཛོད།>བོད་ལྗོངས་བརྙན་རིས།
  • ལོ་གསར་མཁོ་ཆས་ཀྱི་ཁྲོམ་ར་འཁྲུག་ཆ་དོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2020-01-21

    ལུགས་རྙིང་གི་ལོ་ཐོ་དང་བོད་ཀྱི་ལོ་ཐོ་ལྟར་ན། འདི་ལོའི་དཔྱིད་གསར་དུས་ཆེན་དང་གཞིས་རྩེའི་སོ་ནམ་ལོ་གསར་ཉིན་གཅིག་ལ་འཁེལ་ཡོད་པས་དུས་ཆེན་གྱི་རྣམ་པ་དེ་བས་འཁྲུག་ཆ་དོད་པོ་ཡོད། གསར་འགོད་པས་གཞིས་རྩེའི་ལོ་གསར་མཁོ་ཆས་ཀྱི་ཁྲོམ་ར་ནས་ཕྱེ་མར་འབོ་དང་། ཤིང་འབྲས་སྐམ་པོ། རྩེ་སྒྲོ། བྱི་རིལ། དཀར་ཆུའི་ཐོན་རྫས། བོད་ཆས། ལག་ཤེས་ཐོན་རྫས་སོགས་ལོ་གསར་ཀྱི་མཁོ་ཆས་ཧ་ཅང་སྣ་ཁ་འཛོམས་པོ་ཡོད་པས་འདུ་འཛི་ཆེ་ཞིང་ཚོང་ཟོག་བྲིན་ཁ་རྒྱུག་པའི་འཁྲུག་ཆ་དོད་པའི་རྣམ་པ་ཞིག་མཐོང་བྱུང་།

    701769_yis_1579495543694_s.jpg

    འདི་ནི་གྲོང་མིས་གཞིས་རྩེའི་ལོ་གསར་མཁོ་ཆས་ཀྱི་ཁྲོམ་ར་ནས་ལོ་གསར་གྱི་མཁོ་ཆས་ཉོ་བཞིན་པ། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།