[ English ] [ 中文 ]
0891-6325020
དབུ་ཤོག>པར་མཛོད།>བོད་ལྗོངས་བརྙན་རིས།
  • པེ་ཅིང་དུ་ལས་ཞུགས་བོད་སྐྱོར་ལས་བསྡུའི་འདུ་ཚོགས་ལྷ་སར་འཚོགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-28

    656670_yis_1566884035953_s.jpg

     འདི་ནི་ལས་བསྡུའི་འདུ་ཚོགས་ཐོག་སློབ་མའི་ཁྱིམ་བདག་གིས་ལས་གནས་ཀྱི་གནས་ཚུལ་སྐད་ཆ་འདྲི་བཞིན་པ།

    ཚེས་25ཉིན་གྱི་སྔ་དྲོ། 2019ལོའི་པེ་ཅིང་དུ་ལས་ཞུགས་བོད་སྐྱོར་ལས་བསྡུའི་འདུ་ཚོགས་ལྷ་སར་འཚོགས་ཤིང་། ད་རེས་ཀྱི་པེ་ཅིང་དུ་ལས་ཞུགས་བོད་སྐྱོར་གྱིས་བྱ་གཞག་ཚན་པའི་ལས་གནས་28དང་། གཞུང་ཁོངས་ཁེ་ལས་ཀྱི་ལས་གནས་91 ཁྲོམ་ཞུགས་ཁེ་ལས་ཀྱི་ལས་གནས་22 དམངས་གཉེར་ཁེ་ལས་གཞན་དག་གི་ལས་གནས་193བཅས་དང་། པེ་ཅིང་ས་ཁུལ་དུ་ལས་ཞུགས་ལས་གནས་40དང་། བོད་ཀྱི་མཐའ་འཁོར་ཞིང་ཆེན་དང་གྲོང་ཁྱེར་དུ་ལས་ཞུགས་ལས་གནས་282 ལྗོངས་ནང་ཁུལ་དུ་ལས་ཞུགས་ལས་གནས་12བཅས་མཁོ་འདོན་བྱས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལས་བསྡུའི་འདུ་ཚོགས་འཚོགས་སར་པེ་ཅིང་དུ་ལས་ཞུགས་བོད་སྐྱོར་ལས་བསྡུའི་འགྲེམས་གནས་16བཙུགས་པ་དང་། ཁེ་ལས་འགའ་ཞིག་གི་ལས་བསྡུའི་ལས་དོན་པེ་ཅིང་གི་འབྲེལ་ཡོད་ཆུས་ཀྱི་འགན་འཁུར་བས་ཚབ་བསྡུ་བྱེད་ཀྱི་ཡོད། དེ་དང་ཆབས་ཅིག ལས་བསྡུའི་འདུ་ཚོགས་འཚོགས་སར་ལྷ་སའི་ས་གནས་དེ་གའི་ཁེ་ལས་ཀྱི་ལས་བསྡུ་བྱ་ཡུལ་ལོགས་སུ་བཟོས་ནས་ཁེ་ལས་12སྒྲིག་འཛུགས་བྱས་ཏེ་ལས་གནས་228མཁོ་འདོན་བྱས་པའི་ནང་གཞུང་ཁོངས་ཁེ་ལས་གཉིས་ཀྱི་ལས་གནས་46ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།