[ English ] [ 中文 ]
0891-6325020
དབུ་ཤོག>པར་མཛོད།>བོད་ལྗོངས་བརྙན་རིས།
  • ​ བོད་དུ་ཡུལ་སྐོར་བྱས་ནས་མཛེས་ལྗོངས་མྱོང་རོལ་བྱེད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-13

    བོད་རང་སྐྱོང་ལྗོངས་བསྡོམས་རྩིས་ཅུས་དང་རྒྱལ་ཁབ་བསྡོམས་རྩིས་ཅུས་བོད་ལྗོངས་བརྟག་དཔྱད་སྤྱི་ཁྱབ་རུ་ཁག་གིས་ངོ་སྤྲོད་བྱས་པར་གཞིགས་ན། དུས་ཚིགས་དང་པོར་ལྗོངས་ཡོངས་ཀྱིས་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི་402.37ཟིན་པ་དང་འཁོར་རྒྱུག་བྱེད་ཚད་ཏུན་དུང་ཕྱུར་31.39ཟིན་ཡོད་པ་དེ་དུས་མཚུངས་ལས་4.4%དང་6.2%ཁག་སོ་སོར་འཕར་བ་དང་། ཡུལ་སྐོར་སྐྱེལ་འདྲེན་བྱེད་ཚད་མི་ཁྲི་409.39ཟིན་ནས་འཁོར་རྒྱུག་བྱེད་ཚད་མི་དུང་ཕྱུར་26.36ཟིན་ནས་དུས་མཚུངས་ལས་3.1%དང་3.9%འཕར་ཡོད།

    621289_yis_1557637003135_b.jpg

    དུས་ཚིགས་དང་པོར“དགུན་དུས་བོད་དུ་ཡུལ་སྐོར”བྱེད་པའི་སྲིད་ཇུས་ཀྱི་ཕན་འབྲས་མངོན་གསལ་དོད་པ་དང་། ལྗོངས་ཡོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་138.46ལ་སྣེ་ལེན་བྱས་པ་དེ་དུས་མཚུངས་ལས་30.1%འཕར་ཡོད། ཡུལ་སྐོར་གྱི་ཡོང་འབབ་སྒོར་དུང་ཕྱུར་15.44ཟིན་ནས་དུས་མཚུངས་ལས་22.3%འཕར་ཡོད་ཅིང་། འདི་ནི་ཡུལ་སྐོར་བས་ཇོ་མོ་གླང་མའི་འདབས་སུ་པར་ལེན་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།