[ English ] [ 中文 ]
0891-6325020
དབུ་ཤོག>པར་མཛོད།>བོད་ལྗོངས་བརྙན་རིས།
  • ཧུའུ་པེ་ཞིང་ཆེན་གྱི“ཚོགས་སྒྲིག་རྣམ་པའི”སློབ་གསོའི་བོད་སྐྱོར་ལ་ཕན་འབྲས་ཐོན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-12

    620503_yis_1557379658411.jpg

    2016ལོའི་ཟླ་བརྒྱད་པར་ཧུའུ་པེ་ཞིང་ཆེན་གྱི་ཁག་དང་པོའི་བོད་སྐྱོར་དགེ་རྒན་50ལྷོ་ཁ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་དང་པོར་སླེབས་ནས། དུས་ཡུན་ལོ་གསུམ་གྱི“ཚོགས་སྒྲིག་རྣམ་པའི”སློབ་གསོའི་བོད་སྐྱོར་ལས་དོན་སྤེལ་བ་རེད། ལོ་གསུམ་རིང་བོད་སྐྱོར་ཚོགས་པས་སྔོན་ཐོན་དོ་དམ་འདུ་ཤེས་དང་སློབ་གསོ་སློབ་ཁྲིད་ཀྱི་འདུ་ཤེས་བཟང་པོ་དར་སྤེལ་བཏང་སྟེ་སློབ་གསོའི་མ་དངུལ་སྣ་ཚོགས་དོན་འཁྱོལ་བྱས་པས། སློབ་གྲྭའི་རྣམ་པ་ལེགས་སུ་དང་སློབ་གསོའི་སློབ་ཁྲིད་སྤུས་ཚད་མཐོ་རུ་ཕྱིན་ཞིང་། འདི་ནི་ཟླ་5ཚེས་7ཉིན་ལྷོ་ཁ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་དང་པོར་ཧུའུ་པེ་ཞིང་ཆེན་ཤང་དབྱང་ནས་ཡིན་པའི་བོད་སྐྱོར་དགེ་རྒན་ཚའེ་ཁྲུན་ཐིང(དཀྱིལ)དང་ས་གནས་དེ་གའི་དགེ་རྒན་ཚེ་རིང་ཆོས་ལྡན(གཡས་ཀྱི་རྒྱབ་ངོས)གྱིས་སློབ་མར་རྫས་འགྱུར་གྱི་ཚོད་ལྟ་སློབ་སྟོན་བྱེད་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།