[ English ] [ 中文 ]
0891-6325020
དབུ་ཤོག>པར་མཛོད།>བོད་ལྗོངས་བརྙན་རིས།
  • འགྲིམ་འགྲུལ་བྱ་གཞག་འཕེལ་རྒྱས་འགྲོ་མགྱོགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-12-06

    573723_yis_1543987262061.jpg

    སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40སོང་རིང་རྒྱལ་ཁབ་ཀྱིས་བོད་ཀྱི་རྨང་གཞིའི་སྒྲིག་བཀོད་ལ་གཏོང་ཆ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཞིང་། མིག་སྔའི་བར་རང་ལྗོངས་སུ་གཞུང་ལམ་དང་། ལྕགས་ལམ། མཁའ་ལམ། མདོང་ལམ་བཅས་གཙོ་བོར་བྱས་པའི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་ཅིག་གཞི་རྩའི་ཆ་ནས་ཆགས་ཡོད། 2006ལོར་མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་ནས་བོད་དུ་ལྕགས་ལམ་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་དང་། 2011ལོའི་ཟླ་བདུན་པར་ལྷ་ས་ནས་གོང་དཀར་གནམ་ཐང་བར་གྱི་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་ནས་རང་ལྗོངས་ལ་རིམ་མཐོའི་གཞུང་ལམ་མེད་པའི་སྟོང་ཆ་བསྐངས་བ། ལྗོངས་ཡོངས་ཀྱི་གཞུང་ལམ་ཤར་གཏོང་ཐུབ་པའི་ལམ་ཐག་དེ་1978ལོའི་སྤྱི་ལེ་ཁྲི་1.59ནས་2017ལོའི་སྤྱི་ལེ་ཁྲི་8.93བར་ཁྱོན་ལྡབ་5.6འཕར་ཞིང་། འདི་ནི་གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་དགའ་སྡོང་གྲོང་རྡལ་ཉེ་འགྲམ་གྱི་གྲ་རྒྱས་སྟབས་བདེའི་འགྲིམ་འགྲུལ་དྲ་རྒྱ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།