[ English ] [ 中文 ]
0891-6325020
དབུ་ཤོག>པར་མཛོད།>བོད་ལྗོངས་བརྙན་རིས།
  • རང་སྐྱོང་ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་དམངས་ཡོངས་ཀྱི་ལུས་སྦྱོང་ལུས་རྩལ་འགྲན་ཚོགས་སྐབས་གསུམ་པ་མཇུག་འགྲིལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-12-04

    ཚེས་2ཉིན་རང་སྐྱོང་ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་དམངས་ཡོངས་ཀྱི་ལུས་སྦྱོང་ལུས་རྩལ་འགྲན་ཚོགས་སྐབས་གསུམ་པ་ལྷ་སར་མཇུག་འགྲིལ་བ་རེད། ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱིས《དམངས་ཡོངས་ཀྱི་ལུས་སྦྱོང་སྲོལ་ཡིག》དང《བོད་རང་སྐྱོང་ལྗོངས་ཀྱི་དམངས་ཡོངས་ཀྱི་ལུས་སྦྱོང་ལག་བསྟར་འཆར་གཞི(2016ལོ་ནས་2020ལོ་བར)》ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། དམངས་ཡོངས་ཀྱི་ལུས་སྦྱོང་གི་སྤྱི་པའི་ཞབས་འདེགས་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པས་ལྗོངས་ཡོངས་སུ“ངས་ལུས་སྦྱོང་བྱས། ང་བདེ་ཐང་བྱུང་། ངའི་སྤྲོ་བ་འཕེལ། ངར་བདེ་སྐྱིད་ཐོབ”ཅེས་པའི་སྤྱི་ཚོགས་ཀྱི་རྣམ་པ་ཡག་པོ་ཞིག་ཆགས་ཡོད། 

    572816_yis_1543810572271.jpg

    འདི་ནི་ཟླ་12ཚེས་2ཉིན་རང་སྐྱོང་ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་དམངས་ཡོངས་ཀྱི་ལུས་སྦྱོང་ལུས་རྩལ་འགྲན་ཚོགས་སྐབས་གསུམ་པའི་མང་ཚོགས་རང་བཞིན་གྱི་རི་འཛེག་འགྲན་བསྡུར་ལ་བུད་མེད་ཚོགས་ཆུང་གི་བདམས་ཐོན་པ་མུ་ཅ་འགྲན་བསྡུར་མཇུག་འགྲིལ་ས་ཚིགས་སུ་ཐོག་མར་འབྱོར་བའི་གནས་ཚུལ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།