
ཉེ་ཆར། ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་དམངས་ཁྲོད་སྒྱུ་རྩལ་ཚོགས་པས་འཕྱོངས་རྒྱས་རྫོང་འཕྱོངས་རྒྱས་གྲོང་རྡལ་ཞོལ་པ་སྡེ་ཁུལ་ཨུ་ལྷན་དུ་བསྐྱོད་དེ། “རིག་རྩལ”གཤམ་སྐྱོད་འཁྲབ་སྟོན་བྱས་ཏེ་རིག་གནས་ཀྱི་བྱེད་སྒོ་རྣམ་པ་སྣ་ཚོགས་སྤེལ་བ་བརྒྱུད་མང་ཚོགས་ཀྱི་ཏང་ལ་དགའ་ཞེན་དང་། རྒྱལ་ཁབ་ལ་དགའ་ཞེན། ཕ་ཡུལ་ལ་དགའ་ཞེན་བཅས་ཀྱི་འདུ་ཤེས་ཟབ་ཏུ་ཕྱིན་ནས་ཞིང་འབྲོག་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་པ་དང་། ཞིང་འབྲོག་མང་ཚོགས་ཚོས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སློབ་གསོ་ལག་ལེན་བྱེད་སྒོར་ཞུགས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་དང་སྲུང་སྐྱོང་བྱས་ཤིང་། འདི་ནི་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་མི་སྣས་ལྷ་མོ《བདེ་སྐྱིད་ལམ་དུ་ཡོད》ཅེས་པ་འཁྲབ་སྟོན་བྱེད་བཞིན་པ།