[ English ] [ 中文 ]
0891-6325020
དབུ་ཤོག>པར་མཛོད།>བོད་ལྗོངས་བརྙན་རིས།
  • ཚེས་23ཉིན་རང་སྐྱོང་ལྗོངས་ཀྱི་ལུས་རྩལ་འགྲན་ཚོགས་ནང་གསེར་གྱི་རྟགས་མ་ཐོབ་མཁན་1དང་མི་རིགས་ལུས་རྩལ་འགྲན་ཚོགས་ནང་བྱ་དགའ་རིམ་པ་དང་པོ་ཐོབ་མཁན་5བྱུང་བ།

  • ཡོང་ཁུངས།   བོད་ལྗོངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-07-25

    534981_yis_1532408004946.jpg

    འདི་ནི་ལུས་རྩལ་པས་རྟ་ཐོག་ནས་མདའ་འཕེན་པའི་གནས་ཚུལ་ཡིན་པ།

    ཚེས་23ཉིན། གསར་འགོད་པར་རང་སྐྱོང་ལྗོངས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པ་དང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཞི་པའི་སྒྲིག་འཛུགས་ཨུ་ལྷན་གྱི་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར། ཚེས་23ཉིན་གསེར་གྱི་རྟགས་མ་1ཐོན་པ་དང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ནང་བྱ་དགའ་རིམ་པ་དང་པོ་ཐོབ་མཁན་5བྱུང་ཡོད།

    རྐང་རྩེད་སྤོ་ལོའི་འགྲན་བསྡུར་གྱི་རྣམ་གྲངས་ནང་ལྷ་ས་གྲོང་ཁྱེར་གྱི་འཐུས་མི་ཚོགས་པར་གསེར་གྱི་རྟགས་མ་ཐོབ་པ་དང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཀྱི་རྡོ་འགྱོགས་འགྲན་བསྡུར་གྱི་རྣམ་གྲངས་ནང་ནག་ཆུ་གྲོང་ཁྱེར་གྱི་འཐུས་མི་ཚོགས་པའི་ཚེ་རིང་ནོར་བུར་བྱ་དགའ་རིམ་པ་དང་པོ་ཐོབ་པ་དང་། འུར་རྡོ་འགྲན་བསྡུར་གྱི་རྣམ་གྲངས་ནང་ནག་ཆུ་གྲོང་ཁྱེར་གྱི་འཐུས་མི་ཚོགས་པའི་དཀོན་མཆོག་ཚེ་བརྟན་ལ་བྱ་དགའ་རིམ་པ་དང་པོ་ཐོབ་པ། རྟ་རྩལ་འགྲན་བསྡུར་གྱི་རྣམ་གྲངས་ནང་ཉིང་ཁྲི་གྲོང་ཁྱེར་གྱི་འཐུས་མི་ཚོགས་པའི་རིག་འཛིན་ཕུན་ཚོགས་ལ་སྨི་1000གི་མྱུར་ཚད་འགྲན་བསྡུར་གྱི་བྱ་དགའ་རིམ་པ་དང་པོ་ཐོབ་པ། ནག་ཆུ་གྲོང་ཁྱེར་གྱི་འཐུས་མི་ཚོགས་པའི་ལེགས་སྦྱིན་ལ་སྨི་3000གི་འགྲོས་འགྲན་བསྡུར་རྣམ་གྲངས་ཀྱི་བྱ་དགའ་རིམ་པ་དང་པོ་ཐོབ་པ། ཆབ་མདོ་གྲོང་ཁྱེར་གྱི་འཐུས་མི་ཚོགས་པའི་བསྟན་འཛིན་བློ་གྲོས་ལ་རྟ་ཐོག་ནས་མདའ་འཕེན་པའི་རྣམ་གྲངས་ཀྱི་བྱ་དགའ་རིམ་པ་དང་པོ་ཐོབ་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།