[ English ] [ 中文 ]
0891-6325020
དབུ་ཤོག>པར་མཛོད།>བོད་ལྗོངས་བརྙན་རིས།
  • ཧི་མ་ལ་ཡའི་ལྷོ་འདབས་ཀྱི“སྐྱིད་པའི་ཡུལ་ལུང”གྲོ་མོ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-07-17

    དྭངས་གཙང་ཆུ་མོར་འཚོ་བའི་གྲོ་མོའི་ཉ།

    532444_yis_1531716146018.jpg

     འདི་ནི་གྲོ་མོ་སྟོད་ཤང་གླིང་མ་ཐང་གྲོ་མོའི་ཉ་གསོ་སྤེལ་རྟེན་གཞིའི་ཟུར་ཞིག་ཡིན་པ།

    གྲོ་མོའི་རོང་ཆུ་ཁོ་ནར་འཚོ་བའི་གྲོ་མོའི་ཉ་ནི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་ཤིག་ཡིན་པ་དང་། དེའི་ཤ་འབོལ་ལ་བྲོ་བ་ཞིམ་པར་བརྟེན་ཀུན་གྱིས་དགའ་པོ་བྱེད་ཀྱི་ཡོད། ཡིན་ནའང་གྲོ་མོའི་ཉ་འཚོ་གནས་བྱེད་པར་ཆ་རྐྱེན་ཧ་ཅང་མཐོ་པོ་དགོས་པ་སྟེ། བྱེ་མ་དང་སྦགས་བཙོག་མེད་པའི་རི་ཁྲོད་ཀྱི་ཆུར་མ་གཏོགས་འཚོ་ཐུབ་ཀྱི་མེད། གྲོ་མོ་རྫོང་གི་རི་ཆུ་སྔོ་ཞིང་དྭངས་བ་དེས་གྲོ་མོའི་ཉ་རིགས་འཚོ་གནས་ཐུབ་རྒྱུར་མཐུན་རྐྱེན་བཟང་པོ་བསྐྲུན་ཡོད།

    ཉེ་བའི་ལོ་ཤས་རིང་། གྲོ་མོ་རྫོང་སྲིད་གཞུང་གི་རྒྱབ་སྐྱོར་ཤུགས་ཆེན་འོག་གྲོ་མོར་རོགས་སྐྱོར་བྱེད་མཁན་ཧྲང་ཧའེ་བོད་སྐྱོར་ལས་དོན་ཚོགས་ཆུང་གིས་མཐུན་སྦྱོར་ཧུར་ཐག་བྱས་པ་དང་ཧྲང་ཧའེ་རྒྱ་མཚོ་སློབ་ཆེན་གྱིས་ལག་རྩལ་ནས་འདེགས་སྐྱོར་བྱས་པར་བརྟེན་ཁྱད་ལྡན་ཐོན་ཁུངས་ཡིན་པའི་གྲོ་མོའི་ཉ་གྲུབ་འབྲས་ཐོབ་པའི་ངང་དཔལ་འབྱོར་གྱི་ལེགས་ཆར་བསྒྱུར་ནས་ས་གནས་དེ་གའི་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་སྣེ་ཁྲིད་ཐུབ་ཡོད།

    532443_yis_1531716145129.jpg

    འདི་ནི་གྲོ་མོ་སྟོད་ཤང་གླིང་མ་ཐང་གྲོ་མོའི་ཉ་གསོ་སྤེལ་རྟེན་གཞིའི་ཉ་ཕྲུག་གསོ་སྤེལ་འཁོར་ཁང་གི་ལས་དོན་མི་སྣས་ཉ་ཕྲུག་ཤི་རོ་ཕྱིར་འདོན་པའི་གནས་ཚུལ་ཡིན་པ།

    “ཨ་ཅག་ལགས། ཉ་ཕྲུག་གསོ་སར་མི་འདང་གི་མི་འདུག་པས། ཁྱེད་རང་རོགས་པར་འགྲོ་རོགས”ཞེས་གསོ་སྤེལ་རྟེན་གཞིའི་ལག་རྩལ་པ་ཀྲའོ་ལིའུ་ཅེས་སྐད་ཤུགས་ཆེན་པོས་བཤད། གྲོ་མོ་སྟོད་གླིང་མ་ཐང་ཉ་གསོ་ཚགས་རྟེན་གཞིར་སླེབས་མཚམས་སུ་ཆུ་འཐེན་འཕྲུལ་ཆས་ཀྱི་འུར་འུར་གྱི་སྒྲ་དང་ལས་བྱེད་པའི་གླེང་མོལ་གྱི་སྒྲ་གྲགས་འོང་།

    གྲོ་མོའི་ཉའི་སྐོར་གླེང་སྐབས། ཀྲའོ་ལིའུ་ཅེས་ཉ་གསོ་ཚགས་སྐོར་ཆུ་རྒྱུག་རྒྱུག་ངང་གསར་འགོད་པར་བཤད་བྱུང་། ཁོང་གིས“2013ལོར་གྲོ་མོའི་ཉ་རྒྱལ་ཁབ་ཞིང་ལས་པུའི་ཞིང་ལས་ཐོན་ཟོག་ས་ཁམས་མཚོན་རྟགས་ཀྱི་ཐོན་ཟོག་ལ་འདུན་ཞུ་བྱས་པ་ལེགས་གྲུབ་བྱུང་བ་དང་། 2014ལོར་གྲོ་མོའི་ཉར་ཡང་རྒྱལ་ཁབ་བཟོ་ཚོང་སྤྱི་ཁྱབ་ཅུས་ཀྱི་ཞིང་ལས་ཐོན་ཟོག་ས་གཤིས་མཚོན་རྟགས་ཀྱི་ཚོང་རྟགས་ཀྱི་ཆོག་མཆན་ཐོབ་ཡོད། ང་ཚོས་གྲོ་མོའི་ཉ་ལེགས་གྲུབ་ལྡན་པའི་ངང་ས་གནས་ཀྱི་ཁྱད་ལྡན་སྤུས་རྟགས་ཤིག་ཏུ་བཏོད་དེ་སྲུང་སྐྱོང་དང་བེད་སྤྱོད་བྱེད་པར་ཐབས་ལམ་གསར་པ་ཞིག་བཤངས་ཡོད”ཅེས་སྤོབས་པ་ལྡན་པའི་ངང་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།