[ English ] [ 中文 ]
0891-6325020
དབུ་ཤོག>པར་མཛོད།>བོད་ལྗོངས་བརྙན་རིས།
  • བཀྲ་ཤིས་ལོ་གསར་འཆར་ལ་ཉེ། ཁྲོམ་གཞུང་གང་སར་འཁྲུག་ཆ་དོད།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-02-09

    2018ལོའི་བོད་ས་ཁྱི་ལོའི་ལོ་གསར་དང་ལུགས་རྙིང་ལོའི་ལོ་གསར་ཏག་ཏག་ཉིན་གཅིག་ལ་འཁེལ་བ་དེ་ནི་ལོ་བཅུ་གྲངས་ནང་འཁེལ་དཀའ་བ་ཞིག་རེད།


    ལོ་གསར་ནི་མི་ཚོས་བརྩི་མཐོང་ཆེན་པོ་བྱེད་པའི་དུས་ཆེན་ཞིག་ཡིན་ལ། ལོ་གཅིག་ནང་གི་གྲ་རྒྱས་ཤོས་ཀྱི་དུས་ཆེན་ཞིག་ཀྱང་རེད། ལྷ་སའི་མི་ཚོས་བོད་ཟླ་བཅུ་གཉིས་པ་ནས་ལོ་གསར་གྱི་བཟའ་བཅའ་དང་། རྒྱན་གོས། མཁོ་ཆས་སོགས་གྲ་སྒྲིག་བྱེད་འགོ་བཙུགས་ཀྱི་ཡོད། ཞིང་འབྲོག་མང་ཚོགས་གྲངས་ལས་འདས་པ་ལྷ་ས་གྲོང་ཁྱེར་དུ་ཡོང་ནས་ལོ་གསར་གྱི་མཁོ་ཆས་སྣ་ཚོགས་ཉོ་བ་དེ་ནི་ལྷ་སའི་ལོ་གཅིག་རིང་གི་བྲེལ་འཚུབ་ཆེ་ཤོས་ཀྱི་དུས་ཤིག་ཡིན།


    2018ལོའི་དཔྱིད་གསར་དུས་ཆེན་དང་བོད་ས་ཁྱི་ལོའི་ལོ་གསར་འཆར་ལ་ཉེ་བའི་སྐབས། བོད་ཀྱི་ལོ་གསར་གྱི་མཁོ་ཆས་སྣ་ཚོགས་ལྷ་སའི་ཁྲོམ་རར་སྟོན་ནས་ལོ་གསར་གྱི་རྣམ་པ་ཇེ་ཟབ་ཏུ་འགྲོ་བཞིན་ཡོད། ཁྲོམ་གཟིགས་སྒང་ཁུལ་དུ་མི་ཚོགས་ཀྱིས་ཁེངས་ནས་ལོ་གསར་གྱི་རྒྱན་གོས་འདེམས་མངགས་བྱེད་པ་མ་ཟད། ལོ་གསར་མཁོ་ཆས་ཀྱི་གོང་སྒྲིག་པ་སོགས་ཡར་རྒྱུག་མར་རྒྱུག་བྱས་ནས་རྣམ་པ་ཧ་ཅང་འཁྲུག་ཆ་དོད་པར་སྣང་།

    482043_yis_1518065245931.jpg

     བཀྲ་ཤིས་མཚོན་ཁྲ་ཅན་གྱི་སྙེ་མ།

    482046_yis_1518065248864.jpg

    རྟེན་འབྲེལ་མཚོན་པའི་རྩེ་སྒྲོ།

    482044_yis_1518065246852.jpg

    ལྷ་སའི་ཁྲོམ་རར་འཚོང་བའི་ཁ་ཟས་སྣ་ཚོགས།

    482050_yis_1518065253419.jpg

    ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་ཡི་ལས་དོན་པས་རྫོང་རྒྱབ་ཀླུ་ཁང་ནང་ལྒང་བཞུ་འགེལ་བཞིན་པ།

    482042_yis_1518065245011.jpg

     ལྷ་སའི་གྲོང་མིས་དམངས་ཕན་ཚགས་ཤ་ཉོ་བཞིན་པ།

    482041_yis_1518065244122.jpg

     དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གོང་གི་བར་སྐོར་ཚོང་གྲོང་གི་ཟུར་ཞིག

    482048_yis_1518065251610.jpg

    ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་གི་ཞིང་འབྲོག་པས་ཁྲོམ་ར་ནས་དཔྱིད་གསར་ཆ་ཡིག་དང་ལྒང་བཞུ་ཉོ་བཞིན་པ།

    482047_yis_1518065250689.jpg

    དར་ཤིང་།

    482045_yis_1518065247819.jpg

    ལོ་གསར་གྱི་རྣམ་པ་ཟབ་པའི་རྫོང་རྒྱབ་ཀླུ་ཁང་།

    482049_yis_1518065252530.jpg

    ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གུང་དཀར་གྲོང་རྡལ་དག་པ་གྲོང་ཚོའི་ཡུལ་མིས་རྫོང་གྲོང་དུ་ཕྱེ་མར་འབོ་འཚོང་བཞིན་པ།


    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།