[ English ] [ 中文 ]
0891-6325020
དབུ་ཤོག>པར་མཛོད།>བོད་ལྗོངས་བརྙན་རིས།
  • ནག་ཆུ་ས་ཁུལ་གྱི་ཐོན་ལས་རོགས་སྐྱོར་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-02-01

    ཐོན་ལས་བོད་སྐྱོར་དང་ནག་ཆུའི་ས་མཐོའི་ཁྱད་ལྡན་འབྲོག་ཟོག“ཀྲེ་ཅང་དུ་བཏོན་པའི”བྱ་སྤྱོད་དང་འབྲེལ་མཐུད་གཏིང་ཟབ་བྱས་ཏེ་ནག་ཆུའི་འབྲོག་ཟོག་ཕྱོགས་བསྒྱུར་རིམ་སྤོར་གྱི་ལས་དོན་ལ་སྔར་བས་སྐུལ་འདེད་གཏོང་ཆེད། ནག་ཆུ་ས་ཁུལ་ཞིང་འབྲོག་ཅུས་ཀྱི་བོད་སྐྱོར་ལས་བྱེད་པ་ཀྲེན་ཅིང་རུང་གི་སྒྲིག་འཛུགས་དང་མཐུན་སྦྱོར་ཧུར་ཐག་འོག 2017ལོའི་ཟླ་12པའི་ཚེས་16ཉིན་བར། ཧང་ཀྲོའུ་ཝུའེ་ཤིན་བཟའ་བཅའ་ཚད་ཡོད་ཀུང་སི་དང་། ཧང་ཀྲོའུ་ཀྲུང་ཧྭ་མཉམ་འབྲེལ་ཚོང་ཚོགས་ཀུང་སིའི་ཁེ་ལས་ཉོ་སྒྲུབ་པུའུ་སོགས་ཀྱི་མི་4ནག་ཆུ་ས་ཁུལ་དུ་རྟོག་ཞིབ་བྱེད་པར་བཏང་བ་དང་འབྲེལ། ནག་ཆུ་ས་ཁུལ་གྱི་སྐབས་བཅུ་གཅིག་པའི་འབྲོག་ཟོག་འགྲེམས་ཚོང་ཐོག་སྒོར་དུང་ཕྱུར་2.64རི་བའི་འབྲོག་ཟོག་ཉོ་སྒྲུབ་ཀྱི་མངགས་ཐོ་བཞག་པ་དང་ས་ཁུལ་དེའི་སྐབས་རིམ་བྱུང་གི་འབྲོག་ཟོག་འགྲེམས་ཚོང་གི་མངགས་ཐོའི་ལོ་རྒྱུས་གསར་པ་བརྩམས་ནས་ཐོན་ལས་རོགས་སྐྱོར་དང་ལེན་ཐད་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད་པ་རེད།

    0213ht1.jpg

    འདི་ནི་ནག་ཆུ་ས་ཁུལ་གྱི་སྐབས་བཅུ་གཅིག་པའི་འབྲོག་ཟོག་ཐོན་རྫས་འགྲེམས་ཚོང་གི་འགོ་ཚུགས་མཛད་སྒོ་འཚོག་ཡུལ་ཡིན་པ།

    0213ht2.jpg

    འདི་ནི་ནག་ཆུ་ས་ཁུལ་གྱི་འབྲོག་ཟོག“ཀྲེ་ཅང་དུ་བཏོན་པའི”མཁོ་སྤྲོད་དང་དགོས་མཁོའི་ངོ་འཕྲད་གྲོས་མོལ་ཚོགས་འདུ་འཚོག་ཡུལ་ཡིན་པ།

    0213ht8.jpg

    འདི་ནི་ནག་ཆུ་ས་ཁུལ་གྱི་སྐབས་བཅུ་གཅིག་པའི་འབྲོག་ཟོག་ཐོན་རྫས་འགྲེམས་ཚོང་ཐོག་ཁྲིམས་སྐྱོང་དྲིལ་བསྒྲགས་བྱ་ཡུལ་ཡིན་པ།

    0213ht7.jpg

    འདི་ནི་ནག་ཆུ་ས་ཁུལ་གྱི་སྐབས་བཅུ་གཅིག་པའི་འབྲོག་ཟོག་ཐོན་རྫས་འགྲེམས་ཚོང་ཐོག་དཀར་ཆུའི་ཐོན་རྫས་ལ་བལྟ་བཞིན་པའི་སྐུ་མགྲོན་ཡིན་པ།

    0213ht10.jpg

    འདི་ནི་ནག་ཆུ་ས་ཁུལ་གྱི་སྐབས་བཅུ་གཅིག་པའི་འབྲོག་ཟོག་ཐོན་རྫས་འགྲེམས་ཚོང་ཐོག་ལྗོངས་ཕྱིའི་ཚོང་འགྲུལ་དང་གན་རྒྱ་འཇོག་ཡིན་པ།

    0213ht4.jpg

    འདི་ནི་ནག་ཆུ་ས་ཁུལ་གྱི་སྐབས་བཅུ་གཅིག་པའི་འབྲོག་ཟོག་ཐོན་རྫས་འགྲེམས་ཚོང་ཐོག་འགྲེམས་ཚོང་ནང་ཞུགས་པའི་འབྲོག་པ་མང་ཚོགས་ཀྱིས་དཀར་ཆུའི་ཐོན་རྫས་ཚོང་བཞིན་པ།

    0213ht6.jpg

    འདི་ནི་སྤུས་ལེགས་ཀྱི་དཀར་ཆུའི་ཐོན་རྫས་ཡིན་པ། 

    0213ht3.jpg

    འདི་ནི་ནག་ཆུ་ས་ཁུལ་གྱི་བུད་མེད་ཀྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱིས་ཕྱིར་ཚོང་བྱེད་པའི་ཁྱད་ལྡན་ལག་ཤེས་ཐོན་རྫས་ཡིན་པ།

    0213ht5.jpg

    འདི་ནི་སྤུས་ལེགས་རྩམ་ཁུག་ཡིན་པ།

    0213ht9.jpg

    འདི་ནི་སྙན་རོང་རྫོང་གི“སྙན་རོང་རྟགས་ཅན”གྱི་ཐོན་རྫས་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།